Discoverཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།
ཀུན་གླེང་གསར་འགྱུར།  - ཨ་རིའི་རླུང་འཕྲིན་ཁང་།
Claim Ownership

ཀུན་གླེང་གསར་འགྱུར། - ཨ་རིའི་རླུང་འཕྲིན་ཁང་།

Author: VOA

Subscribed: 4Played: 0
Share

Description

ཀུན་གླེང་གསར་འགྱུར། ཀུན་གླེང་གསར་འགྱུར་ནི་ནོར་བུ་བསམ་འཕེལ་ལགས་དང་འཕྲིན་ལས་ཆོས་སྒྲོན་ལགས་གཉིས་ཀྱིས་ཕྱོགས་བསྡུས་བྱས་ཏེ་གཟའ་ལྷག་དང་པ་སངས་ཉིན་བརྙན་འཕྲིན་དང་རྒྱང་བསྒྲགས་གཉིས་ཀར་ཅིག་ཅར་རྒྱང་སྲིང་བྱེད་པའི་བོད་དོན་དང་འཛམ་གླིང་གསར་འགྱུར་གྱི་ལེ་ཚན་ཞིག་ཡིན།།
1098 Episodes
Reverse
དེ་རིང་གི་གསར་འགྱུར་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་སྐྱེས་རབས་ཀྱི་ཆོས་འབྲེལ་གནང་བ། ཆོ་འཕྲུལ་དུས་ཆེན་དང་ལྷ་ལྡན་སྨོན་ལམ་ཆེན་མོའི་བྱུང་རབས། རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐག་གཅོད། G-7གི་ལྷན་ཚོགས་སྐོར། རྒྱ་ནག་གི་དམག་གྲུ་ཨ་རི་ལས་མང་བའི་སྐོར་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་གནང་བ་དང་། ཨ་རི་དང་ཨུ་རུ་སུའི་གྲོས་མོལ། ཨ་རིའི་གཞུང་གི་སྔོན་རྩིས་ཁྲིམས་འཆར་གྱི་གནས་བབ། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན། ཊམ་དང་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མཇལ་འཕྲད། ཐེ་ཝན་གྱི་སྐྱོན་བརྗོད་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་ཚོགས་ཆེན་ཐེངས་ ༡༢ པ། ཨ་མི་རི་ཀ་དང་མཐུན་ཕྱོགས་རྒྱལ་ཁབ་བར་སྒོ་ཁྲལ་གྱི་འགལ་ཟླ། ཨུ་རུ་སུའི་འགོ་ཁྲིད་ཀྱིས་ཡུག་ཀེ་རན་ཞི་བདེའི་གྲོས་མོལ་ལ་སྟ་གོན། མི་གཏའ་གློད་གྲོལ་ཐོབ་པ་ཚོས་དཀའ་སྡུག་མྱངས་པའི་སྐོར་བཤད་པ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྐུ་ཚབ་ཨུ་རུ་སུར་གྲོས་མོལ་ཆེད་དུ་ཕེབས་པ་དང་། ཨ་རིའི་གཞུང་གི་སྔོན་རྩིས་དང་སྲིད་གཞུང་སྒོ་རྒྱག་ཉེན། ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དོན་རྒྱབ་སྐྱོར་ཐད་ཡིག་འབྲེལ་གནང་པ། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་བར་གྱི་སྒོ་ཁྲལ། ཧྥི་ལི་པིན་སི་ཀྱི་སྲིད་འཛིན་ཟུར་པ་བཀག་ཉར་བྱས་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་ནང་བོད་ཀྱི་བེུད་སྒེར་ལངས་ཉིན་མོའི་ལས་འགུལ་དང་ཨ་རི་དང་ཁེ་ན་ཌའི་དབར་སྒོ་ཁྲལ་འགལ་ཟླ་བྱུང་བ། གྷི་རིན་ལེནྜ་ནང་རང་བཙན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་སོགས་དང་བདུན་ཕྲག་འདིར་བོད་དོན་དང་འབྲེལ་གསར་འགྱུར་ཕྱོགས་བསྡུས་བཅས་སྙན་སྒྲོན་ཞུ་རྒྱུ་ཡོད།
ཀུན་གླེང་གསར་འགྱུར་ནང་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི་དང་། ཡུག་ཀེ་རན་གྱི་དམག་འཁྲུག་ཟླ་གཅིག་རིང་མཚམས་འཇོག་རྒྱུའི་མོས་མཐུན། ཊམ་གྱི་སྒོ་ཁྲལ་འཕར་སྣོན། པ་ལི་སི་ཐན་ནང་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ། གྷི་རེན་ལན་ཌིའི་འོས་བསྡུ། རྒྱ་ནག་གི་ཚོགས་ཆེན་གཉིས་མཇུག་སྒྲིལ་བ་སོགས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་༧སྐུའི་ཡང་སྲིད་ཕྱི་ཕྱོགས་འཁྲུངས་རྒྱུ་རེད་ཅེས་གསུངས་པ་དང་། ཨ་རི་དང་ཡུག་ཀེ་རན་གཉིས་དམག་མཚམས་འཇོག་རྒྱུར་གྲོས་མོལ་བྱས་པ། ཊམ་གྱིས་སྒོ་ཁྲལ་སྤར་བའི་རྐྱེན་གྱིས་མ་རྐང་ཁྲོམ་རར་དཀའ་ངལ་འཕྲད་བཞིན་པ། ཧྥི་ལི་པིན་གྱི་སྲིད་འཛིན་ཟུར་པ་འཛིན་བཟུང་བྱས་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བསྒྲུབ་བྱ་ ༧༥ ལ་དགེ་ཚུལ་གྱི་བསླབ་སྡོམ་སྩལ་བ་དང་། ཨ་རི་དང་ཡུག་ཀེ་རན་གྱི་གྲོས་མོལ། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། སེ་རི་ཡའི་ནང་གི་མི་གསོད་ཁྲག་སྦྱོར་གྱི་གནས་སྟངས་གསར་པ། ནུབ་ཆིངས་སྒྲིག་འཛུགས་ཀྱིས་བྷོ་སི་ནི་ཡར་གནང་བའི་ཁས་ལེན་སོགས་ཡོད།
དེ་རིང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འཛམ་གླིང་གང་སར་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཐེངས་༦༦ པ་སྲུང་བརྩི་བྱས་པའི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ་གཟིགས་འབུལ་ཞུ་རྒྱུ་ཡིན། དེ་བཞིན་ཁེ་ན་ཌའི་སྲིད་བློན་གསར་པས་ཨ་རི་ལ་བསྐུར་བའི་སྐད་ཀྱང་གསར་འགྱུར་ནང་ངོ་སྤྲོད་བྱས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་ལས་འགུལ་སྤེལ་བ། བལ་ཡུལ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི། རྒྱ་གར་ལྷོ་ཕྱོགས་སུ་ཞི་བའི་ངོ་རྒོལ་བྱས་པ་སོགས་ཡོད།
དེ་རིང་གི་གསར་འགྱུར་ནང་བོད་དོན་ཚོགས་པ་ཁག་གི་རེ་སྐུལ། ཐེ་ཝན་སྐོར་གྱི་ཁྲིམས་འཆར། རྒྱ་ནག་དམར་ཤོག་གི་ཉེན་ཁ། ཊམ་གྱིས་སྒོ་ཁྲལ་སྤར་བར་རྒྱ་ནག་གིས་ལན་པ་སློག་རྒྱུ་ཟེར། སི་རི་ཡའི་ཤོག་ཁག་ཚོས་རྒྱལ་ཡོངས་དམག་འཛུགས་ལ་རྒྱབ་སྐྱོར། ཊམ་གྱིས་ཧ་མ་སི་ལ་མི་གཏའ་གློད་གྲོལ་གྱི་ཉེན་བརྡ། གསར་འགོད་རང་དབང་གི་སྐོར་སོགས་ཡོད།
དེ་རིང་གི་གསར་འགྱུར་ནང་ཡུ་རོབ་ཀྱི་རྒྱབ་སྐྱོར། ཁྲིམས་ཁང་གི་ཐག་གཅོད་ཕྱིར་འཐེན། ཐའེ་ཝན་གྱི་ཆིབ་ལེབ། ཨེ་ཇེབ་ཀྱིས་གྷ་ཛའི་མ་འོངས་མདུན་ལམ་ཐད་འཆར་གཞི་བཏོན་པ། ཊམ་གྱི་གཏམ་བཤད་ཐད་གྲོས་ཚོགས་འཐུས་མི་ཚོའི་ལྟ་སྟངས། ཕྱི་མིའི་གནས་མཆོག་གི་གྲོང་ཁྱེར་གྱི་སྲིད་ཇུས། ཡུག་ཀེ་རན་གྱི་ས་ཆ་མང་པོ་ཨུ་རུ་སུས་བཙན་བཟུང་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་གཞོན་པ་སོགས་ཀྱིས་མཐའ་མཚམས་སུ་གཟིགས་སྐོར་དང་། སྒོ་ཁྲལ་ཕྱི་འགྱངས་བྱས་པ། ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་རྒྱ་ནག་གི་དྲ་ལམ་སིམ་འཛུལ་བ་ཁག་ཅིག་ཁྲིམས་ལ་གཏུག་པ། ཨུ་རུ་སུ་དང་འབར་མའི་མཇལ་མོལ། ལྷོ་ཀོ་རི་ཡ་དང་པོ་ལན་ཌིའི་མཉམ་འབྲེལ། དམག་སྦྱོང་ཁྲོད་ཀྱི་ཆག་སྒོ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། སྲིད་འཛིན་ཊམ་གྱིས་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་རྒྱས་འཛོམས་སར་གཏམ་བཤད་གནང་བ། ཡུག་ཀེ་རན་གྱིས་ཨ་རི་དང་གྲོས་མཐུན་འཇོག་འཆར། ཡུ་རོབ་ཀྱིས་ཡུག་ཀེ་རན་ལ་རོགས་སྐྱོར། རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཀྱི་དྲ་ཚིགས་ལ་གཏོར་བརླག་བཏང་བ་སོགས་ཡོད།
དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་རྩིས་གནང་བ། ཨ་རིས་ཡུ་ཀེ་རན་ལ་རོགས་དམ་མཚམས་འཇོག སྲིད་འཛིན་ཊམ་གྱིས་ཁེ་ན་ཌ་དང་མེཀ་སི་ཁོ། རྒྱ་ནག་བཅས་ལ་སྒོ་ཁྲལ་ལག་བསྟར་འགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས། ཨིས་རལ་གྱིས་ཧ་མས་དང་གྲོས་མོལ་རིམ་པ་གཉིས་བྱ་རྩིས་ཡོད་ལུགས་བཤད་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིས་ཡུག་ཀེ་རན་ལ་གོ་མཚོན་གྱི་རོགས་སྐྱོར་རེ་ཞིག་ལ་མཚམས་འཇོག་བྱས་པ་དང་། ཨ་རིའི་སྒོ་ཁྲལ་གསར་པར་རྒྱ་ནག་གིས་ལན་འདེབས། གྷ་ཛའི་འཚོ་དོད་རོགས་སྐྱོར་བཀག་སྡོམ། རྒྱ་ནག་གི་ཚོགས་ཆེན་གཉིས་འགོ་ཚུགས་པ། ཨ་རི་དང་ལྷོ་ཀོ་རི་ཡའི་དམག་དོན་མཉམ་འབྲེལ་སོགས་ཡོད།
.ཨ་རིའི་རླུང་འཕྲིན་ཁང་གི་དགོང་དྲོའི་ཀུན་གླེང་གསར་འགྱུར་ནང་ཡུ་རོབ་ཀྱིས་ཡུག་ཀེ་རན་གྱི་དམག་འཁྲུག་བར་འདུམ་ཡོང་ཐབས། མངོན་བསྟོད་གཟེངས་རྟགས། ཨ་རིའི་སྒོ་ཁྲལ། སྲིད་འཛིན་གྱིས་ཡུག་ཀེ་རན་དང་གྷ་ཛའི་གནད་དོན་གཙོ་བོར་བརྗོད་རྒྱུ། སྙུང་གཞིའི་རྐྱེན་བླ་ཆེན་རང་ཡུལ་ལ་ཕྱིར་ཕེབས་གནང་ཐུབ་ཀྱི་མེད་པ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གཞུང་གིས་བོད་ནང་ལོ་གསར་རིང་དམིགས་བསལ་དམ་དྲག་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་ཀྱི་ལོ་གསར་ལ་འཚམས་འདྲི། ཨ་རིའི་རོགས་དངུལ་བཅད་པའི་ཁོངས་བོད་མིའི་རོགས་དངུལ་ཡང་ཚུད་ཡོད་པ། རྒྱལ་ཚོགས་སུ་བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་། ཉི་ཧོང་གི་མེ་སྐྱོན་སོགས་ཡོད།
ཀུན་གླེང་གསར་འགྱུར། ༢༠༢༥ ཟླ་༢ ཚེས་༢༨ ལོ་གསར་གྱི་འཚམས་འཕྲིན། ཊམ་དང་ཛེ་ལེན་སི་ཀི། ཞི་ཅིན་ཕིང་དང་སེར་གེ་ཤོལ་གྷུ། རྒྱ་ནག་གི་དྲ་རྒྱའི་ལས་འགུལ། ཡ་གུར་བ་རྒྱ་མིར་སློག་པར་ཐའེ་ལེནྜ་ལ་སྐྱོན་བརྗོད། ཨ་རི་དང་ཡུཀ་རེན་གྱི་སྲིད་འཛིན་གྱི་མཇལ་འཕྲད། ཨ་རི་དང་རུ་སུའི་འབྲེལ་ལམ། སྒོ་ངའི་རིན་གོང་འཕར་བ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དྷ་རམ་ས་ལར་བོད་རྒྱལ་ལོ་ ༢༡༥༢ ཤིང་ཕོ་སྦྲུལ་གྱི་གཞུང་འབྲེལ་ལོ་གསར་སྲུང་བརྩི་གནང་བ་དང་། སྲིད་འཛིན་ཊམ་ནི་དེ་རིང་ཛེ་ལན་སི་ཀེ་དང་མཇལ་འཕྲད་གནང་རྒྱུ་དང་ཁ་སང་དབྱིན་ཇིའི་སྲིད་བློན་དང་མཇལ་མོལ་གནང་བ། ཐེ་ཝན་གྱིས་རྒྱ་ནག་གི་དམག་སྦྱོང་ལ་ཁ་རྡུང་བཏང་བ་སོགས་ཡོད།
loading
Comments