ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཨི་སི་རལ་དང་ཧ་མ་སིའི་འགོ་ཁྲིད་འཛིན་བཟུང་བཀའ་ཁྱབ་སྤེལ་བ་དང་། ཡུག་ཀེ་རན་གྱིས་ཨུ་རུ་སུའི་འཕུར་མདེལ་གྱི་རྒོལ་རྡུང་གསར་པར་སྐྱོན་འཛུགས། ཨ་རིའི་སྤྱི་ཁྱབ་ཁྲིམས་དཔོན་གསར་པ་མཚན་འདོན་གནང་བ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་མཇུག་བསྒྲིལ་བ་དང་། ༧གོང་ས་མཆོག་གིས་གཏོང་ལེན་དགེ་ལས་སློབ་ཟུར་ཁག་ཅིག་ལ་མཇལ་ཁ་སྩལ་བ། རྒྱ་གཞུང་གིས་ཀརྨ་བསམ་གྲུབ་ལགས་གློད་གྲོལ་བཏང་བ་སོགས་ཀྱི་གསར་འགྱུར་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིས་སྲིད་འཛིན་གྱི་འགན་དབང་རྩིས་བཞེས་ཀྱི་སྟ་གོན་སྐོར་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་མིས་འགོ་ཁྲིད་གསར་འདེམས། དཔལ་འབྱོར་ཚོགས་འདུའི་སྟེང་ཨ་རི་དང་རྒྱ་ནག་འགོ་ཁྲིད་མཇལ་མོལ། ཨ་རིའི་འཕུར་མདེལ་ཆོག་མཆན་དང་དམག་འཁྲུག་ཉིན ༡༠༠༠ ཟིན་པ། གསར་འགྱུར་གཞན་ཁག་གི་གནད་བསྡུས་བཅས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་ངེས་གཏན་མེད་པའི་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཞེས་པའི་བརྗོད་གཞིའི་སྟེང་ནས་བགྲོ་གླེང་ཞུ་རྒྱུ་ཡིན།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བ་དང་། སྲིད་སྐྱོང་མཆོག་གིས་ཧྥ་རན་སིར་གསུང་བཤད། བོད་འགྱུར་བྱིས་སྒྲུང་དབུ་འབྱེད། ཨུ་རུ་སུས་ཡུག་ཀེ་རན་ཐོག་གནམ་གྲུའི་རྒོལ་རྡུང་ཆེ་ཤོས་སྤེལ་བ། སྤྱི་ལྷན་ཚོགས་ཆུང་ཞིག་དབྱིན་ཡུལ་ལ་ཕེབས་གནང་ཡོད་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༸གོང་ས་མཆོག་གི་རྨད་བྱུང་ཐུགས་བསྐྱེད་དམ་བཅའ་ཞེས་པའི་ཕྱག་དེབ་པོད་བཞིའི་བདག་ཉིད་ཅན་ཞིག་དབུ་འབྱེད་གནང་བ་དང་། ཊམ་གྱིས་སྲིད་ཇུས་མང་པོར་ལམ་སང་འགྱུར་བ་གཏོང་རྒྱུ། ཤྲི་ལངྒའི་འོས་བསྡུའི་གྲུབ་འབྲས་ནང་ལས་ཐོག་སྲིད་འཛིན་ལ་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཐོན་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་སྤྱི་མཐུན་ཚོགས་པས་སྟངས་འཛིན་དང་། སྲིད་འཛིན་བྷ་ཌན་དང་བདམས་ཐོན་སྲིད་འཛིན་ཊམ་གཉིས་ཕོ་བྲང་དཀར་པོར་མཇལ་འཕྲད། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ལོགས་སུ་མཇལ་འཆར། བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་དོན་ལས་འགུལ་ཞིག་འགོ་འཛུགས་གནང་བ་བཅས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དཀྱིལ་ཤར་ཁུལ་གྱི་ཟིང་འཁྲུག་མཚམས་འཇོག་དགོས་པ་ནན་བརྗོད་སྐོར་དང་། གྷ་ཛ་དང་ཡུག་ཀེ་རན་གྱི་དམག་འཁྲུག་མཚམས་འཇོག་གི་ཕྱི་འབྲེལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་བསྐྱར་དུ་བཀག་ཉར་དང་། ཨི་ཤི་བྷ་བསྐྱར་དུ་ཉི་ཧོང་གི་སྲིད་བློན་ལ་བདམས་པ། དཀྱིལ་ཤར་ཟིང་ཆའི་གནས་སྟངས། འཛམ་གླིང་ཁོར་ཡུག་ཚོགས་ཆེན་དབུ་འབྱེད། ཊམ་གྱི་གཞུང་གསར་པའི་སྲིད་ཇུས་ལ་དོ་སྣང་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་གིས་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བ། རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཇུག་སྒྲིལ་བ། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་ཏུ་གཞུང་འབྲེལ་འཚམས་གཟིགས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་མཇུག་སྒྲིལ་བ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བྷ་ཌན་གྱིས་འོས་བསྡུའི་རྗེས་སུ་རྡོག་རྩ་གཅིག་སྒྲིལ་གྱི་འབོད་སྐུལ་གནང་བ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཊམ་གྱི་ལས་དུས་གཉིས་པར་རེ་དོགས། ཊམ་གྱི་རྒྱལ་ཁས་ནུབ་ཆིངས་དང་ཡུ་རོབ་ལ་ཤུགས་རྐྱེན་ག་རེ་ཐེབས་སྲིད་པ། རྒྱ་གར་གྱིས་ཊམ་གྱི་རྒྱལ་ཁའི་ཐད་གླེང་བརྗོད་གནང་བ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་རིའི་བདམས་ཐོན་སྲིད་འཛིན་ཊམ་ལ་འཚམས་འདྲི་ཞུས་པ་དང་། སྲིད་འཛིན་གཞོན་པ་ཧེ་རེ་སི་ཡིས་འོས་བསྡུའི་ཕམ་ཁ་ངོས་ལེན་གནང་བ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་སྟངས་འཛིན་ཐད་ཀྱི་འགྱུར་བ། ཡུ་རོབ་འགོ་ཁྲིད་རྣམས་ཀྱིས་མ་འོངས་འབྲེལ་ལམ་ལ་བློ་འཚབ་བྱེད་བཞིན་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་ལ་ཨ་རིའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་སྐོར་དང་། ཌོ་ནལ་ཊམ་མཆོག་བསྐྱར་དུ་སྲིད་འཛིན་ཆགས་པའི་བཞུད་ལམ་ངོ་སྤྲོད་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་འོས་བསྡུ་ཆེན་མོར་རྒྱལ་ཁབ་གསུམ་གྱིས་གནོད་འཚེ་སྐྱེལ་ཐབས་བྱེད་བཞིན་པ་དང་། ཨ་རིར་གནས་སྡོད་བོད་མི་འོས་འཕེན་པ་ཚོས་ཨ་རིའི་འོས་བསྡུར་མཉམ་བཞུགས་བྱེད་བཞིན་པ། སྨོན་ལམ་མངོན་གྱུར ༢༠༢༤ ། བོད་མི་བཙན་བྱོལ་བའི་སྒྱུ་རྩལ་འགྲེམས་སྟོན་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུ་རོབ་ཀྱིས་ཨ་རིའི་འོས་བསྡུ་ནི་ནུབ་ཆིངས་སྒྲིག་འཛུགས་དང་ཨུ་ཡུག་དམག་འཁྲུག འཛམ་གླིང་གི་ཚོང་དོན་འབྲེལ་ལམ་སོགས་ལ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་དང་། བོད་མདོ་སྨད་རྔ་བ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་གར་སོང་ཆ་མེད་གྱུར་བ་སོགས་ཀྱི་གསར་འགྱུར་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་དྲུང་ཆེ་གཉིས་ཝ་ཤིང་ཊོན་དུ་མཇལ་འཕྲད་གནང་བ་དང་། ཧེ་ཛི་བྷོ་ལའི་འགོ་ཁྲིད་ཀྱིས་ཆ་རྐྱེན་ཚང་ན་དམག་འཁྲུག་མཚམས་འཇོག་རྒྱུ་བརྗོད་པ། སི་པེན་གྱི་ལྷོ་ཤར་ཕྱོགས་སུ་དྲག་ཆར་དང་ཆུ་ལོག་གི་གོད་ཆག་འཕྲད་པ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་མཐའ་མའི་དྲིལ་སྒྲོག་འབོད་སྐུལ་གནང་བ་དང་། འོས་བསྡུ་འདི་ཡིས་ཡུག་ཀེ་རན་ལ་ཤུགས་རྐྱེན་ག་འདྲ་ཐེབས་སྲིད་པ། ཧེ་ཛི་བྷོ་ལས་འགོ་ཁྲིད་གསར་འདེམས་དང་ཨི་སི་རལ་གྱི་དྲག་རྒོལ། ཡུ་རོབ་ཀྱིས་རྒྱ་ནག་གི་གློག་གི་མོ་ཊར་སྒོ་ཁྲལ་འཕར་མ་སྤར་རྒྱུ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་གྱིས་ཨི་རན་གྱི་དམག་དོན་རྟེན་གཞི་ཁག་ལ་འཇབ་རྒོལ་བྱས་སྐོར་དང་། ཊམ་དང་ཧེ་རེ་སི་གང་རུང་གིས་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་མིན། འོས་བསྡུའི་རྗེས་ཉི་ཧོང་དུ་ཆབ་སྲིད་བརྟན་ལྷིང་མེད་པའི་དུས་ཚོད་ཤར། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད
ཀུན་གླེང་གསར་འགྱུར་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་ལ་མཇལ་ཁ་དང་། རྒྱ་དཀར་ནག་གཉིས་དབར་ས་མཚམས་དམག་མི་ཕྱིར་འཐེན་གྱི་གྲོས་ཆོད། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་སུད་སི་ནང་བོད་དོན་ཞུ་གཏུག རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྤྱི་ཟླ་ ༡༡ ཚེས་ ༧ ནས་འགོ་འཛུགས་གནང་རྒྱུ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་དཀར་ནག་གཉིས་ཀྱིས་དོགས་པ་དང་བཅས་འབྲེལ་ལམ་གོང་སྤེལ་སྐོར་དང་། ཛེ་ལན་སི་ཀེས་བཏོན་པའི་རྒྱལ་ཁའི་འཆར་གཞི་དང་མི་མང་གི་ལྟ་ཚུལ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་མཆོག་སྐུ་ཚེ་མ་ཟིན་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།