Discoverདབུས་སྐད་ལས་རིམ།
དབུས་སྐད་ལས་རིམ།
Claim Ownership

དབུས་སྐད་ལས་རིམ།

Author: RFA

Subscribed: 0Played: 0
Share

Description

ཨེ་ཤེ་ཡ་རང་དབང་རླུང་ཕྲིན་ཁང་གི་དབུས་སྐད་སྔ་དྲོའི་ལས་རིམ།

Hosted on Acast. See acast.com/privacy for more information.

656 Episodes
Reverse
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༩ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཝིཊ་ནམ་ནས་ཡིན་པའི་ནང་པའི་དགེ་འདུན་པ་ ༡༢ ནས་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་ཞུས་འདུག དགེ་འདུན་པ་དེ་དག་གི་ཆོས་ཕྱོགས་ཉམས་ལེན་ལ་ཝེཊ་ནམ་གཞུང་གིས་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་ལ། ད་ལྟའི་ཆར་ཁོང་རྣམས་རྒྱ་གར་ནང་དུ་གནས་སྐོར་དང་འབྲེལ། སྒོམ་སྒྲུབ་ཉམས་ལེན་གནང་བཞིན་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལིའོ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུགཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུགTibetan Ukay Daily Evening Program - Top Headlines for May 09, 2025:His Holiness the Dalai Lama Grants Audience to 12 Vietnamese Buddhist Monks During Pilgrimage in India, Amid Reports of Religious Persecution by Vietnamese Authorities Over Their Spiritual PracticesHis Holiness the 14th Dalai Lama Extends His Warmest Greetings to His Holiness Pope Leo XIVEuropean Parliament Condemns China’s Interference in His Holiness the Dalai Lama's Succession Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༨ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།རྒྱ་ནག་གཞུང་ནས་ཁོང་གི་ཁྱིམ་ཚང་ལ་ལོ་ངོ་དགུ་ཙམ་རིང་ཆུ་དང་གློག་གི་མཐུན་རྐྱེན་བཀག་སྡོམ་བྱས་པའི་གནས་ཚུལ་སོགས་ཀྱི་སྐོར་སྤྱི་ཚོགས་དྲྭ་ལམ་དུ་བརྙན་འདོན་སྤེལ་བྱས་པར། སྤྱི་ཚོགས་ཟིང་དཀྲུག་དང་རྒྱ་གཞུང་ལ་ཉེས་འཛུགས་བྱས་པའི་ཉེས་མིང་འོག་ཁོང་སྟེང་ཆེན་རྫོང་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུགཧོང་ཀོང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ལམ་ནས་ཚོང་སྒྱུར་བྱ་འཆར་ལ་རྒྱ་གར་གཞུང་གིས་དགག་བྱ་བྱས་རྐྱེན་རིན་བསྡུར་ཚོང་སྒྱུར་ཕྱི་བཤོལ་བྱས་འདུགརྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུགTibetan Ukay Daily Evening Program - Top Headlines for May 08, 2025:Kelsang, a 42-year-old Detained After Appealing Over Nine-Year Denial of Water and Electricity in ChamdoSotheby's Hong Kong Postpones Auction of Piprahwa Buddhist Relics After India's InterventionChina Calls India's 'Operation Sindoor' Against Pakistan Terror Camps "Regrettable" Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༧ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཟླ་ ༥ ཚེས་ ༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་། ཕག་རི་སྐྱིད་སྡུག་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥེ་ཊིག་མར་ཛི་མཆོག་ཇར་མ་ནིའི་དབུ་ཁྲིད་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུགཇེཁས་མར་ཁེས་བོད་ཀྱི་རིག་གཞུང་འགྲེམས་སྟོན་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་བའི་འཛམ་གླིང་འདིའི་ཐོག་ཞི་བདེའི་འགོ་ཁྲིད་ཁག་གཅིག་གི་ཐོག་འགྲེམས་སྟོན་གནང་རྒྱུའི་གསལ་བསྒྲགས། གསར་འགོད་པ། བསྟན་འཛིན་ནོར་འཛོམས།བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་ཞོ་སྟོན་ཐེངས་༢༨པ་དབུ་འབྱེད་གནང་བ།Tibetan Ukay Daily Evening Program - Top Headlines for May 07, 2025:On May 7, 2025, His Holiness the Dalai Lama presided over a Long Life Prayer Ceremony hosted by Shang Gaden Choekhorling Monastery, Nepal, along with the Chatring and Phari communities.His Holiness the Dalai Lama Congratulates Friedrich Merz on Election as German ChancellorJacques Marchais Museum to Open “Global Resonance” Exhibit on May 1528th Shoton Festival inaugurates Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༦ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།སོ་ཐེ་བྷི་རིན་བསྡུར་ཚོང་སྒྱུར་ཁང་གིས་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ཚོང་སྒྱུར་བྱེད་འཆར་ལ་རྒྱ་གར་གཞུང་གིས་སྐྱོན་བརྗོད་དང་སྦྲགས། རིང་བསྲེལ་རང་གནས་སུ་ཕྱིར་སློག་དགོས་པ་བསྒྲགས་འདུགཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་འཕྲུལ་ཆས་བཟོ་སྐྲུན་པ་ (Nvidia) ཡིས་དེང་དུས་ཀྱི་འཕྲུལ་ཆས་ལ་ཉེ་བར་མཁོ་བའི་སྙིང་ལེབ་བྱང་བུ་ (chips) མ་ལག་རིགས་རྒྱ་ནག་ལ་ཁྲིམས་བརྒལ་ཐོག་ལྐོག་ཚོང་བྱེད་བཞིན་པ་ཐེར་འདོན་གནང་འདུགTibetan Ukay Daily Evening Program - Top Headlines for May 06, 2025:The Ministry of Culture, India has said it has taken swift action to prevent the auction of sacred Piprahwa Relics by Sotheby's HongKongUS lawmaker targets Nvidia chip smuggling to China with new bill Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༥ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་མཆོག་སླར་ཡང་ཨོ་སི་ཊི་ལི་ཡའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེའི་ཡང་སྲིད་གཙོས་པའི་དད་ལྡན་མི་མང་ལ་མཇལ་ཁ་སྩལ་བ།ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྒྲོམ་གཞི་བསྐྱར་སྒྲིག་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཕྱི་སྲིད་དྲུང་ཆེའི་ཐད་ཀར་འོག་ལས་གནས་བསྐོ་བཞག་ཡོང་བའི་འབོད་སྐུལ་གནང་བ།Tibetan Ukay Daily Evening Program - Top Headlines for May 05, 2025:His Holiness the Dalai Lama Congratulates Anthony Albanese on Re-election as Australian Prime MinisterHis Holiness the 14th Dalai Lama Grants Audience to Jonang Gyaltsab Rinpoche, Shartrul Rinpoche, and Reincarnation of Geshe Lhundrup Sopa RinpocheCTA Urges Placement of US Special Coordinator for Tibetan Issues Under Secretary of State in State Department Restructure Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་གཞུང་ཚབ་ཁང་གི་དཔལ་འབྱོར་ལས་དོན་སྐོར་གྱི་བློན་ཆེན་ལས་རོགས་སྐུ་ཞབས་ Stephan Hesselmann ལགས་ལ་མཇལ་ཁ་སྩལ་གནང་མཛད་པ།བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དགུང་ལོ་ ༧༨ ཐོག་འདས་གྲོངས་སུ་གྱུར་འདུགརྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འདི་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་ནི་ཆེས་དཀའ་ངག་ཅན་ཞིག་ཏུ་ངོས་འཛིན་གནང་འདུགཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུགརྡོ་རྗེ་བཀྲིས་ཀྱིས་བཙོན་ཁང་དུ་འགྲིག་འགལ་བྱས་ཚུལ་ལ་བསྙད་དེ་ཁོང་གི་ནང་མི་དང་ཐུག་འཕྲད་བྱེད་འཇུག་མི་འདུགTibetan Ukay Daily Evening Program - Top Headlines for May 02, 2025:His Holiness the Dalai Lama received Stephan Hesselmann, Minister Counsellor for Economic Affairs at the German Embassy in New Delhi, for a private audience.Tashi Wangdi, Former Kalon and Senior Tibetan Diplomat, Dies at 78Reporters Without Borders describes this year’s global press freedom landscape as the most challenging to date, highlighting economic instability as a key threat in its 2025 World Press Freedom Index.Protests by unpaid Chinese workers spread amid factory closures Dorjee Tashi Barred from Family Visits in Prison Citing Alleged Disciplinary Reasons Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༡ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུགརྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་སྟེང་བཀལ་བའི་སྲིད་དོན་བཀའ་བཅད་ཕྱིར་འཐེན་བྱས་པ་ཙམ་གྱིས་ཡུ་རོབ་ཀྱིས་རྒྱ་ནག་ལྷན་འབྲེལ་ལམ་འཇམ་དུ་གཏོང་དགོས་པའི་ཁྱབ་པ་མེད་ཅེས་གྲོས་ཚོགས་འཐུས་མིའི་ཚོགས་པས་བསྒྲགས་འདུགརྒྱ་ནག་གིས་ནང་ཆོས་ཕྱི་འབྲེལ་སྲིད་བྱུས་སུ་བཀོལ་སྤྱོད་ཀྱིས་ནང་པའི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་སྤྲོད་བཞིན་པའི་ཁྲོད། རྒྱ་གར་གྱིས་སངས་རྒྱས་ཀྱི་རིང་བསྲེལ་ཝེཊ་ནམ་དུ་གདན་ཞུ་གནང་རྒྱུ།ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཆུང་གཉིས་ཀྱིས་རྒྱ་ནག་དང་ཝེཊ་ནམ་གཞུང་ལ་སྤྲུལ་སྐུ་ཧཱུ་ཀར་རྡོ་རྗེ་མཆོག་གི་འདས་རྐྱེན་ལ་རང་དབང་ལྡན་པའི་ཞིབ་འཇུག་གིས་གྲུབ་དོན་ཕྱི་གསལ་ནང་གསལ་བཟོ་དགོས་པ་བསྒྲགས་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་སྐུ་མདུན་ཞེས་པ་ཨ་རིའི་ཊེ་བྷེ་ཀ་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུགTibetan Ukay Daily Evening Program - Top Headlines for May 01, 2025:David Perdue confirmed by the Senate as Trump’s ambassador to China.Sikyong Penpa Tsering engages in high-level Capitol Hill meetings, advocates for appointment of U.S. Special Coordinator for Tibet. EU Lawmakers Assert Lifting of Sanctions on Some MEPs Doesn’t Warrant Easing EU-China Relations Amid China’s Use of Buddhism in Diplomacy, India to Showcase Buddha Relics in Vietnam EU Committees Demand Transparent Investigation from China and Vietnam into Tulku Hungkar Dorje’s DeathThe Tribeca Festival hosts  Martin Scorsese in special 35mm screening of Kundun in honor of His Holiness the Dalai Lama's 90th birthday Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་པ་༢༠༠ལྷག་ཙམ་ཞིག་ལ་མཇལ་ཁ་སྩལ་བ།བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་ཀྱི་བུད་མེད་ "Women of Tibet" ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ། རྒྱ་ནག་གི་ས་ཁམས་རིག་པ་བ་ཚོས་བོད་མཐོ་སྒང་ནས་ཨ་སྒོར་དུང་ཕྱུར་༡༠༠༠གི་རིན་ཐང་ལྡན་པའི་ཟངས་ཊོན་ས་ཡ་ ༢༠ ལྷག་རྙེད་འདུགTibetan Ukay Daily Evening Program - Top Headlines for April.29, 2025:On 30th April 2025, His Holiness the Dalai Lama granted an audience to around 200 devoteesTibet Museum's Temporary Exhibition titled "Women of Tibet" Tibetan Treasure Trove: Geologists Strike Copper Bonanza Worth over $100 Billion Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༩ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།རྒྱ་ནག་གཞུང་གི་བཀོད་བྱུས་འོག་གཞུང་འབྲེལ་མིན་པའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་ཡོད་སྐོར་སྙན་ཐོའི་གསར་པའི་ནང་གསལ་སྟོན།རྒྱལ་སྤྱིའི་ཞིབ་དཔྱོད་གསར་འགོད་པའི་མཐུན་ཚོགས་སམ་ (International Consortium of Investigative Journalist) གྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་རྣམས་རྩ་མེད་གཏོང་བཞིན་ཡོད་པ་ཐེར་འདོན་བྱས་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་སྲིད་བློན་ (Mark Carney) ལགས་སུ་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུགTibetan Ukay Daily Evening Program - Top Headlines for April.29, 2025:ISHR Report Exposes China’s Efforts to Restrict Civil Society Access at the UNInside China’s machinery of repression — and how it crushes dissent around the world: International Consortium of Investigative JournalistHis Holiness the Dalai Lama has written to Mark Carney, Prime Minister of Canada to congratulate him on his party’s victory in the general election under his leadership.   Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༨ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱོགས་འགྲུལ་དད་ལྡན་མི་མང་ལ་མཇལ་ཁ་སྩལ་བ།ཟླ་ ༤ ཚེས་ ༢༥ ཉིན་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་འདུག༸གོང་ས་༸སྐྱབས་མགོན་ཆན་པོ་མཆོག་གིས་དད་ལྡན་པ་ ༣༠༠ ལྷག་ལ་མང་མཇལ་སྩལ་བ།Tibetan Ukay Daily Evening Program - Top Headlines for April.28, 2025:On 28th April 2025, His Holiness the Dalai Lama granted an audience to devotees at his residence, DharamsalaVideo: OHHDLEuropean Parliament Calls for the Release of the 11th Panchen LamaDevotees Express Profound Emotions following audience with His Holiness the Dalai Lama Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༧ ཉིན། དབུས་སྐད་ཀྱི་སྔ་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།1 ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་གོང་ནས་ནང་པའི་དགེ་འདུན་པ་ཚོས་མཚན་རིག་ལ་སློབ་གཉེར་དང་དེ་བརྒྱུད་ཞིབ་འཇུག་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་དགེ་འདུན་པའི་སྤྱི་ཚོགས་ཁྲོད་གཞི་ཡུལ་མི་འདྲ་བའི་ཐོག་ལ་ཞིབ་འཇུག་གནང་པའི་འཕེལ་རིམ་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་གླེང་མོལ་གནང་བ་ཞིག་གསན་རོགས་གནང་། ༢ བོད་དིང་རིང་རྫོང་ཁོངས་སུ་ཕྱི་ཟླ་ ༡ ཚེས་ ༧ ཉིན་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་རྒྱ་ནག་གཞུང་གི་གྲངས་ཐོ་ལྟར་ན་མི་ ༡༢༦ རྐྱེན་འདས་ཕྱིན་པ་དང་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པ་རེད། འདི་སྐོར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་༧ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ས་ཁམས་རིག་པའི་སློབ་དཔོན་ལས་རོགས་ངག་དབང་བསྟན་དར་ལགས་སུ་བཀའ་དྲི་ཞུས་པར། ས་ཡོམ་གྱི་ཤུགས་ཚད་འཇལ་སྟངས་ཀྱི་ཐོག་ནས་འགུལ་ཚད་ ༦.༩ ཡན་འདི་ས་ཡོམ་འགུལ་ཤུགས་ཆེ་བའི་ཁོངས་སུ་ས་ཁམས་རིག་པ་བ་དང་ས་ཡོམ་དཔྱད་རིག་པ་ཚོས་བརྩི་ཡི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བསྒྲགས་པའི་དིང་རིར་ས་ཡོམ་གྱི་འགུལ་ཚད་ ༦.༨ བྱུང་ཚུལ་བཤད་པ་འདི་ནི་རོགས་སྐྱོར་ཤུགས་ཆེན་བྱེད་མི་དགོས་པའི་བསམ་འདུན་བཅང་པ་ཞིག་ཡིན་པ་དང་། ས་ཡོམ་གྱི་གནོད་འཚེ་ཕོག་སྟངས་ལ་གཞིགས་ན། ཨ་རིའི་གྲངས་ཚད་འཇལ་བ་འདི་བདེན་པ་ཡིན་པ་སྣང་གི་འདུག་ཅེས་དང་། དེ་ཡང་རྒྱལ་སྤྱིའི་ཁྲོད་བོད་ནང་གི་གནོད་འཚེ་ཚབས་ཆེན་བྱུང་པ་འདི་འོས་འཚམས་མི་བརྗོད་པའི་རྣམ་པར་གྱུར་པ་ངོས་འཛིན་གནང་གི་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ས་ཁམས་རིག་པ་བ་ངག་དབང་བསྟན་དར་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ངེས་སྟོན་པ་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།Tibetan Ukay Daily Morning Program - Top Headlines for April. 27, 2025:1 His Holiness the Dalai Lama has given guidance for many years that Buddhist monks should study and conduct research in science. Please listen to a discussion held in South India by Kalden Lodoe, the Executive Editor of the East Asia Division of Radio Free Asia, about the development of research on different subjects within the monastic community following His Holiness's instructions.2 On January 7, a 7.1-magnitude earthquake shook Dingri County, Tibet. According to Chinese state media, the earthquake had a magnitude of 6.8 and killed 126 people and injured 337 others. Associate Professor of Geology Ngawang Tendar argues that there may be a political reason for the Chinese government's use of the seismic Richter scale of 6.8, as seismologists consider earthquakes with magnitudes greater than 6.9 to be major earthquakes, and 6.8 and lower to be moderate waves. An interview with Associate Professor Ngawang Tendar, Dalai Lama Institute of Higher Studies, about the earthquake and how Indian and Eurasian plates collide and form earthquakes on the roof of the world, Tibet.  Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༦ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།1 མི་རིགས་གཅིག་གནས་ཐུབ་མིན་རང་གི་སྐད་ཡིག་དང་རིག་གཞུང་བདག་གཅེས་སྲུང་སྐྱོང་ཐུབ་མིན་ལ་རགས་ལུས་ཡོད་པ་རིག་གནས་མཁས་པ་ཚོས་བརྗོད་བཞིན་ཡོད་ཅིང་། བོད་ནང་མཚོན་ན་རྒྱ་ནག་གཞུང་གིས་བོད་པའི་སྐད་ཡིག་སློབ་འཁྲིད་བྱེད་སའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་གྲྭ་ཁག་དང་དགོན་པ་ཁག་ནས་ལོ་ ༡༨ མན་གྱི་བུ་ཕྲུག་ཚོར་རྒྱ་ཡིག་ཐོག་བསླབ་གཞི་རྣམས་སློབ་འཁྲིད་བྱེད་བཞིན་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ནང་བོད་ཀྱི་སྐད་ཡིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་སྒྲོལ་མ་ཚེ་རིང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།། ༢ བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་།ནིའུ་ཡོག་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱིས་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཆེད་བོད་ཡིག་ཐོག་ངོ་དེབ་ཐོག་མ་དེ་དབུ་འབྱེད་གནང་ཡོད་ཅིང་།ལས་གཞི་འདི་ནི་ནེའུ་ཡོག་ནང་གནས་སྡོད་བོད་མི་རྣམས་ལ་སོ་སོའི་ཕ་སྐད་ཀྱི་ཐོག་ནས་གལ་ཆེའི་གནས་ཚུལ་དང་ཐོན་ཁུངས་མཁོ་སྤྲོད་བྱེད་པར་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་པ་རེད་འདུག།།གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཚེ་ཡང་དང་ལྷན་དུ་ལས་གཞི་འདིའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་གློང་གནང་བ་ཞིག་གསན་རོགས་གནང་། Tibetan Ukay Daily Morning Program - Top Headlines for April. 26, 2025: 1 Experts say that a nation's survival depends on preserving its language and culture. In Tibet, the Chinese government has "closed all schools where intensive Tibetan language is taught, and forcefully enrolled all the monks under the age of 18 in government-run boarding schools, where the medium of instruction is Chinese-Mandarin. In conversation with Dolma Tsering, master's degree student at Dalai Lama Institute of Higher Studies, Bengaluru, India.2 New York City Launches First Tibetan-Language Facebook Page to Support Tibetan Community. The Mayor's Office of Immigrant Affairs (MOIA) in New York has launched the country’s first Tibetan-language Facebook page, aimed at providing Tibetan immigrants with access to essential information and resources in their native language. Speaking to RFA, Tenzin Tseyang, a staff member at MOIA, emphasized the broader significance of this initiative. “As an ethnic group striving to preserve our language, this is a crucial step forward. While the Chinese government continues to suppress the Tibetan language inside Tibet through restrictive policies, we in exile are doing everything possible to protect and promote our linguistic heritage,” she said.  Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༥ ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།༡༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དང་ཧི་མ་ལ་ཡ། ཕྱི་རྒྱལ་གྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་སྩལ་བ། གསར་འགོད་པ། བདེ་ཆེན་དབང་མོས་སྙན་སྒྲོན་ཞུ་ཡི་རེད།༢༽ ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༦ ཕེབས་པར་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་གི་འཚམས་འདྲི་དང་འབྲེལ། རྒྱ་ནག་གཞུང་ནས་ཁོང་གློད་བཀྲོལ་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་བ། གསར་འགོད་པ། བསྟན་འཛིན་ནོར་འཛོམས་ནས་སྙན་་སྒྲོན་ཞུ་ཡི་རེད།༣༽ པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་སྙན་ཐོ་ནང་རྒྱ་ནག་དེ་བཞིན་ལོ་དྲུག་བསྟུད་མར་རྩོམ་པ་པོར་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་ཡིན་པ་གསལ་སྟོན། གསར་འགོད་པ། བློ་བྷེ་ཡིས་སྙན་སྒྲོན་ཞུ་ཡི་རེད།Tibetan Ukay Daily Morning Program - Top Headlines for April 25, 2025:1 His Holiness the Dalai Lama Grants Audience to Over 360 Devotees, Including Tibetans, Himalayans, and Foreigners2 CTA and Tibetan NGOs Renew Calls for China to Release Panchen Lama Gedhun Choekyi Nyima on His 36th Birthday3 China Named World’s Worst Jailer of Writers for Sixth Consecutive Year in PEN America’s 2024 Freedom to Write Index Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༤  ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ལྡན་རྒྱ་ནག་མི་སེར་རྣམས་ཀྱིས་བོད་དོན་ཐོག་བསམ་བློ་གཏོང་ཕྱོགས་ནི་བོད་དོན་འཐབ་རྩོད་ཁྲོད་གལ་གནད་ཅན་ཞིག་ཡིན་ཞེས་བཀའ་སྩལ་མཛད་ཀྱི་ཡོད་པ།རྒྱ་གར་གྱི་གནས་སྐོར་བ་བོད་གངས་རིན་པོ་ཆེར་ཟླ་བ་ ༦ ཚེས་ ༣༠ ནས་གཏང་རྒྱུ་ཡིན་པ་བསྒྲགས་འདུགབོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྙིང་སྟོབས་ཀྱི་འབོད་སྒྲ་ཞེས་པའི་གཏམ་བརྗོད་རྒྱ་གར་ནང་གཟིགས་འབུལ་ཞུ་བཞིན་པ།Tibetan Ukay Daily Evening Program - Top Headlines for April.24, 2025:Book discussion- Voice for the Voiceless: Over Seven Decades of Struggle with China for My Land and My PeopleKailash Mansarovar Yatra to Resume on June 30 After Three-Year SuspensionTibetan Youth Congress Stages “A Fearless Voice” Drama Across India Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༣  ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕྱི་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་འཆར་འགོད་གསར་པ་ཞིག་གི་འོག་འགྲོ་བ་མིའི་ཐོབ་ཐང་སོགས་ཚན་པ་མང་དག་ཅིག་གི་ལས་དོན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་གནང་འདུག རྒྱ་ནག་གིས་བོད་ནང་བརྟན་བརླིང་དགོས་སྐོར་ཡང་ཡང་ཤོད་བཞིན་པ་ནི། བོད་མི་ཚོས་རྒྱ་གཞུང་ལ་འདོད་མོས་རྩ་ནས་མེད་པའི་རྣམ་པ་ཡིན་སྐོར་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུགཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཐག་གཅོད་པར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།Tibetan Ukay Daily Evening Program - Top Headlines for April.23, 2025:US Secretary of State Marco Rubio announced a sweeping reorganization of the US State Department under which the office of the Under Secretary for Civilian Security, Democracy, and Human Rights -- previously appointed also as US Special Coordinator for Tibetan Affairs -- is being overhauled and renamed as the Office of the Coord. for Foreign Assistance and Humanitarian Affairs.Researcher: China’s Repeated Stress on ‘Stability’ in Tibet Reveals Lack of Tibetan Support for BeijingRFA welcomes ruling ordering disbursement of funds Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༢  ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།ཡེ་ཤུའི་བླ་ཆེན་པོབ་ཧྤ་རན་སིས་མཆོག་དགོངས་པ་རྫོགས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་དང་འབྲེལ། ཞིང་གཤེགས་དམ་པར་ལེགས་སྐྱེས་བཟང་ཤོས་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་ཞེས་བཀའ་སྩལ་བ། ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་མཆོག་དང་རྒྱ་གར་གྱི་སྲིད་བློན་མོ་དི་གཉིས་མཇལ་འཕྲད་ཀྱིས་གཉིས་ཕན་གྱི་འབྲེལ་ལམ་གོང་མཐོར་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་བ།པོབ་ཧྥ་རིན་སིས་དགོངས་པ་རྫོགས་པར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་འཚོགས་པ། གསར་འགོད་པ།Tibetan Ukay Daily Evening Program - Top Headlines for April.22, 2025:His Holiness the Dalai Lama Mourns Pope Francis’ Passing, Says Kindness Is the Greatest TributePM Modi and US Vice President Vance Discuss Trade, Strategic Partnership, and Global AffairsPrayer Ceremony Held at Tsuglagkhang Temple in Dharamsala to Mourn and Honor the Late Pope Francis Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༡  ཉིན། དབུས་སྐད་ཀྱི་དགོང་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གཙོས་པའི་ཕྱི་ནང་གི་དད་ལྡན་པར་མཇལ་ཁ་སྩལ་བ།  སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་སྟབས་ཀྱིས་ཝིཡེཏ་ནམ་ནང་ཞུགས་འབུལ་བྱས་འདུགབོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་མཆོག་གི་སྐུ་ཕུང་གསང་བའི་ངང་ཞུགས་འབུལ་བྱས་པར་ངོ་རྒོལ་བློ་འཚབ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་བ། Tibetan Ukay Daily Evening Program - Top Headlines for April.21, 2025:His Holiness the Dalai Lama Grants Audience to Chief Justice Commissioner and Two Justice Commissioners of TSJC Tulku Hungkar Dorjee’s Body Secretly Cremated in Vietnam on Sunday 20 April 2025.Five Tibetan NGOs Urge UN and Foreign Governments to Press China, Vietnam for Answers on Tulku Hungkar Dorjee’s Mysterious Death Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན། དབུས་སྐད་ཀྱི་སྔ་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།༡) རྒྱ་ནག་གཞུང་གིས་འདས་ལོ་གཅིག་གི་ནང་བོད་ནང་དུ་དགོན་པས་གཉེར་བའི་བོད་ཡིག་སློབ་འཁྲིད་གནང་ཡུལ་གྱི་སློབ་གྲྭ་སྒོ་བརྒྱབ་སྟེ་དགོན་པའི་གྲྭ་ཆུང་ཚོ་རྒྱ་ནག་གཞུང་གིས་གཉེར་བའི་གཏན་འཇགས་སློབ་གྲྭའི་ནང་བཅུག་ཡོད་ལ། རྒྱ་ནག་གཞུང་གིས་བོད་ཐེ་བའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་དབྱེ་བའི་ཡུལ་ལུང་ཁག་ནང་རྒྱ་སྐད་གཙོ་གྱུར་གྱི་ཤེས་ཡོན་སྲིད་བྱུས་དོ་ནན་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འདས་པའི་ལོ་བཅུའི་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་རིག་གཞུང་བཅས་པ་རྒྱ་ཧན་མི་རིགས་ཀྱི་ཁོངས་སུ་བསྲེས་ལྷད་བྱ་རྒྱུར་དམིགས་ཏེ་ལས་དོན་སྣ་ཚོགས་སྤེལ་བཞིན་པའི་རྒྱབ་ལྗོངས་ཀྱི་གནས་བབ་ཐད་ཤེས་ཡོན་སློབ་གསོ་བ་རྒན་བསྟན་འཛིན་འཆི་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་། ༢) བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་།ནིའུ་ཡོག་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱིས་བོད་མིའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཆེད་བོད་ཡིག་ཐོག་ངོ་དེབ་ཐོག་མ་དེ་དབུ་འབྱེད་གནང་ཡོད་ཅིང་།ལས་གཞི་འདི་ནི་ནེའུ་ཡོག་ནང་གནས་སྡོད་བོད་མི་རྣམས་ལ་སོ་སོའི་ཕ་སྐད་ཀྱི་ཐོག་ནས་གལ་ཆེའི་གནས་ཚུལ་དང་ཐོན་ཁུངས་མཁོ་སྤྲོད་བྱེད་པར་འབད་བརྩོན་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་པ་རེད་འདུག།།གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཚེ་ཡང་དང་ལྷན་དུ་ལས་གཞི་འདིའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་གློང་གནང་བ་ཞིག་གསན་རོགས་གནང་། Tibetan Ukay Daily Morning Program - Top Headlines for April. 20, 2025:༡) Over the past year, the Chinese government has closed Tibetan language schools run by monasteries in Tibet and transferred young monks to government-operated regular schools. The Chinese government is strictly implementing an education policy prioritizing Mandarin Chinese instruction in regions designated as ethnic minority areas, including Tibet. In conversation with Tenzin Chime, an educationist analyzes the background of various measures being implemented by the Chinese government over the past decade in Tibet. These measures aim to “assimilate” Tibetan identity, language, and culture into the mainstream Han Chinese ethnicity. ༢) New York City Launches First Tibetan-Language Facebook Page to Support Tibetan Community. The Mayor's Office of Immigrant Affairs (MOIA) in New York has launched the country’s first Tibetan-language Facebook page, aimed at providing Tibetan immigrants with access to essential information and resources in their native language. Speaking to RFA, Tenzin Tseyang, a staff member at MOIA, emphasized the broader significance of this initiative. “As an ethnic group striving to preserve our language, this is a crucial step forward. While the Chinese government continues to suppress the Tibetan language inside Tibet through restrictive policies, we in exile are doing everything possible to protect and promote our linguistic heritage,” she said.  Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༩ ཉིན། དབུས་སྐད་ཀྱི་སྔ་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།1) གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་གོང་ནས་ནང་པའི་དགེ་འདུན་པ་ཚོས་མཚན་རིག་ལ་སློབ་གཉེར་དང་དེ་བརྒྱུད་ཞིབ་འཇུག་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་དགེ་འདུན་པའི་སྤྱི་ཚོགས་ཁྲོད་གཞི་ཡུལ་མི་འདྲ་བའི་ཐོག་ལ་ཞིབ་འཇུག་གནང་པའི་འཕེལ་རིམ་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་གླེང་མོལ་གནང་།2) བོད་དིང་རིང་རྫོང་ཁོངས་སུ་ཕྱི་ཟླ་ ༡ ཚེས་ ༧ ཉིན་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་རྒྱ་ནག་གཞུང་གི་གྲངས་ཐོ་ལྟར་ན་མི་ ༡༢༦ རྐྱེན་འདས་ཕྱིན་པ་དང་ ༣༣༧ ལ་རྨས་སྐྱོན་ཕོག་ཡོད་པ་རེད། འདི་སྐོར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་༧ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ས་ཁམས་རིག་པའི་སློབ་དཔོན་ལས་རོགས་ངག་དབང་བསྟན་དར་ལགས་སུ་བཀའ་དྲི་ཞུས་པར། ས་ཡོམ་གྱི་ཤུགས་ཚད་འཇལ་སྟངས་ཀྱི་ཐོག་ནས་འགུལ་ཚད་ ༦.༩ ཡན་འདི་ས་ཡོམ་འགུལ་ཤུགས་ཆེ་བའི་ཁོངས་སུ་ས་ཁམས་རིག་པ་བ་དང་ས་ཡོམ་དཔྱད་རིག་པ་ཚོས་བརྩི་ཡི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་བསྒྲགས་པའི་དིང་རིར་ས་ཡོམ་གྱི་འགུལ་ཚད་ ༦.༨ བྱུང་ཚུལ་བཤད་པ་འདི་ནི་རོགས་སྐྱོར་ཤུགས་ཆེན་བྱེད་མི་དགོས་པའི་བསམ་འདུན་བཅང་པ་ཞིག་ཡིན་པ་དང་། ས་ཡོམ་གྱི་གནོད་འཚེ་ཕོག་སྟངས་ལ་གཞིགས་ན། ཨ་རིའི་གྲངས་ཚད་འཇལ་བ་འདི་བདེན་པ་ཡིན་པ་སྣང་གི་འདུག་ཅེས་དང་། དེ་ཡང་རྒྱལ་སྤྱིའི་ཁྲོད་བོད་ནང་གི་གནོད་འཚེ་ཚབས་ཆེན་བྱུང་པ་འདི་འོས་འཚམས་མི་བརྗོད་པའི་རྣམ་པར་གྱུར་པ་ངོས་འཛིན་གནང་གི་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ས་ཁམས་རིག་པ་བ་ངག་དབང་བསྟན་དར་ལགས་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ངེས་སྟོན་པ་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།། Tibetan Ukay Daily Morning Program - Top Headlines for April. 19, 2025:1) His Holiness the Dalai Lama has for many years instructed Buddhist monks to study and research science. In accordance with this guidance, there have been developments in research on various subjects within the monastic community. Kalden Lodoe, Chief Editor of the East Asia Section of Radio Free Asia, discussed this topic in southern India.2) On January 7, a 7.1-magnitude earthquake shook Dingri County, Tibet. According to Chinese state media, the earthquake had a magnitude of 6.8 and killed 126 people and injured 337 others. Associate Professor of Geology Ngawang Tendar argues that there may be a political reason for the Chinese government's use of the seismic Richter scale of 6.8, as seismologists consider earthquakes with magnitudes greater than 6.9 to be major earthquakes, and 6.8 and lower to be moderate waves. An interview with Associate Professor Ngawang Tendar, Dalai Lama Institute of Higher Studies, about the earthquake and how Indian and Eurasian plates collide and form earthquakes on the roof of the world, Tibet.  Hosted on Acast. See acast.com/privacy for more information.
༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༨ ཉིན། དབུས་སྐད་ཀྱི་སྔ་དྲོའི་ལས་རིམ་གྱི་ནང་དོན་མདོར་བསྡུས།༡ སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཝིཡེཏ་ནམ་ Vietnam ནང་ལོང་ཐོ་ Long Tho Cremation Park དུར་ཁྲོད་དུ་འོར་འདྲེན་ཞུས་ཡོད་པ།༢ ཟླ་ ༤ ཚེས་ ༡༨ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྩལ་བ།༣ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་གྱི་མཛད་འཆར་ཁག་གཅིག་ཡོད་པ། གསར་འགོད་པ་བདེ་སྐྱིད་ཀུན་སྒྲོལ་ལགས་ནས་སྙན་སྒྲོན་ཞུ་ཡི་རེད།Tibetan Ukay Daily Morning Program - Top Headlines for Apri. 18, 2025:1 The body of Tulku Hungkar Dorje was moved to Long Tho Cremation Park in Vietnam for cremation.2 On 18th April 2025, His Holiness the Dalai Lama granted an audience to 420 devotees3 His Holiness the Dalai Lama is scheduled to attend several Long Life Offering Ceremonies over the coming months in Dharamsala, Himachal Pradesh, India, organized by devotees from around the globe. Hosted on Acast. See acast.com/privacy for more information.
loading
Comments