DiscoverVoice of Tibet
Voice of Tibet
Claim Ownership

Voice of Tibet

Author: Voice of Tibet

Subscribed: 92Played: 5,970
Share

Description

Voice of Tibet’s main objectives are to provide a channel for unbiased information and news to the Tibetans living under Chinese oppression in Tibet, to help preserve the threatened Tibetan culture, to educate the Tibetans in internationally acknowledged human rights, to inform about democracy and the democratic institutions of the Tibetan exile community, and to help prevent conflicts and discrimination. Another main objective is to improve communications within as well as between the Tibetan exile communities.
602 Episodes
Reverse
དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་མོ་འདི་ནི་རྒྱལ་སྤྱིའི་ཁྲོད་ International Day for the Elimination of Violence against Women ཞེས་བེུད་ལ་འཚེ་བ་འགོག་ཐབས་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་པ་མ་ཟད། དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ བར་ཁྱོན་ཉིན་གྲངས་ ༡༦ རིང་ཕོ་མོ་དབྱེ་བ་ལ་བརྟེན་ནས་རྩུབ་སྤྱོད་འགོག་ཐབས་ཆེད་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་དེ་འབྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་། ཉིན་མོ་འདི་ནི་མི་རེ་ངོ་རེར་བེུད་དང་ཕྲུ་གུ་བུ་མོར་འཚེ་བ་འགོག་ཐབས་དང་། གདོང་ལེན་བྱེད་པའི་འགན་འཁྲི་ཡོད་སྐོར་དྲན་སྐུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཅིང་། ཚང་མས་སྤྱི་ཚོགས་ཁྲོད་བེུད་དང་ཕྲུ་གུ་བུ་མོར་དྲག་རྩུབ་རིགས་སྤྱི་དང་བྱེ་བྲག་ཏུ་དྲ་ལམ་ཐོག་ནས་ཆགས་སྲེད་ཀྱི་བསུན་གཙེར་རིགས་ཡོངས་སུ་མཚམས་འཇོག་ཡོང་བར་ནུས་པ་མཉམ་སྤུངས་དགོས་པའི་འབོད་སྐུལ་དང་འབྲེལ། དེ་ལྟར་གནང་ན་བུད་མེད་དང་ཕྲུ་གུ་བུ་མོ་ཚང་མ་འཇིགས་སྣང་མེད་པའི་ཐོག་ནས་རང་དབང་ངང་འཚོ་གནས་ཐུབ་ངེས་ཡིན་པ་གསུངས་འདུག དེ་ཡང་བསྒྲགས་གཏམ་དེའི་ནང་། ཉིན་མོ་འདི་ནི་འཛམ་གླིང་ཡོངས་སུ་བུད་མེད་ཐོག་འཚེ་བའི་རིགས་འགོག་ཐབས་དང་། བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་མུ་མཐུད་བྱེད་བཞིན་པར་དྲན་སྐུལ་ཞུ་རྒྱུའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་ཅིང་། བྱ་སྤྱོད་དེ་རིགས་འབྱུང་སྐབས་གནོད་འཚེ་ཕོག་མཁན་གང་ཟག་དེའི་གཞི་རྩའི་རང་དབང་བཙན་འཕྲོག་ཙམ་མིན་པར་བདེ་འཇགས་ལའང་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་པས། དྲག་རྩུབ་རིགས་ལ་གདོང་ལེན་བྱེད་པ་ནི་བཟང་སྤྱོད་དང་། སྤྱི་ཚོགས་ཀྱི་འགན་འཁྲི། དེ་བཞིན་སྒྲིག་འཛུགས་བཅས་ཀྱི་ངོས་ནས་ལྡོག་ཏུ་མེད་པའི་ལས་འགན་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་དང་ཆབས་ཅིག ཚང་མས་སྤྱི་ཚོགས་ཁྲོད་དྲག་རྩུབ་རིགས་སྤྱི་དང་བྱེ་བྲག་ཏུ་དྲ་ལམ་ཐོག་ནས་ཆགས་སྲེད་ཀྱི་བསུན་གཙེར་རིགས་ཡོངས་སུ་མཚམས་འཇོག་ཡོང་བར་ནུས་པ་མཉམ་སྤུངས་གནང་ཐོག བུད་མེད་དང་ཕྲུ་གུ་བུ་མོ་ཚོར་འཇིགས་སྣང་མེད་པའི་ཐོག་ནས་རང་དབང་ངང་འཚོ་གནས་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་འབོད་སྐུལ་གནང་འདུག མ་ཟད་འདི་ལོའི་བརྗོད་གཞི་སྟེ། དེང་སྐབས་མགྱོགས་མྱུར་ངང་རྒྱ་སྐྱེད་འགྲོ་བཞིན་པའི་བུད་མེད་དང་ཕྲུ་གུ་བུ་མོ་ཚོར་དྲ་ཐོག་ནས་ཆགས་སྲེད་ཀྱི་བསུན་གཙེར་རིགས་འགོག་ཐབས་ཞེས་པ་དེ་ཡིན་པ་གསལ་སྟོན་གྱིས། དྲ་རྒྱ་དར་ཁྱབ་བྱུང་བ་དང་བསྟུན་ནས། བུད་མེད་ཚོས་སྔར་མེད་པའི་རྩུབ་སྤྱོད་ལ་གདོང་ལེན་བྱ་དགོས་འཁེལ་གྱི་ཡོད་པ་དང་། དྲ་ཐོག་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་ཁོངས་སུ། དྲ་ཐོག་ནས་འཁྲིག་སྤྱོད་ཀྱི་གསང་བརྡ་གཏོང་བ་དང་། འཇིགས་སྐུལ་བྱེད་པ།  རྗེས་འདེད་གཏོང་བ།  བསུན་གཙེར་བཟོ་བ།  དགོས་མེད་ཀྱི་ཆགས་སྤྱོད་དང་འབྲེལ་བའི་བསམ་ཚུལ་འདོན་པ། མོས་འཐུན་མེད་པའི་ཐོག་ནས་ཆགས་སྤྱོད་དང་འབྲེལ་བའི་བརྙན་པར་དྲ་ཐོག་ལ་སྤེལ་བ། སྒེར་གྱི་ལོ་རྒྱུས་ཕྱིར་འདོན་བྱེད་པ།  ཟུར་ཟ་བྱེད་པ། ཡོངས་ཁྱབ་ཀྱི་ཐོག་ནས་ངོ་ཚ་བོ་བཟོ་བ། ཆགས་སྤྱོད་དང་འབྲེལ་བའི་འཕྲིན་ཐུང་བསྐུར་བ་སོགས་ཚུད་ཡོད་པ་གསལ་སྟོན་དང་འབྲེལ།  རྩུབ་སྤྱོད་དེ་རིགས་ཀྱིས་བུད་མེད་ཚོར་རང་འགུལ་གྱིས་སྤྱི་ཚོགས་དང་དྲ་ཐོག་གི་གླེང་སྟེགས་ཐོག་མཉམ་ཞུགས་གནང་བར་བཀག་སྡོམ་བྱེད་བཅུག་གི་ཡོད་པ་མངོན་གསལ་དང་ཆབས་ཅིག བུད་མེད་རྣམ་པའི་བསམ་ཚུལ་དང་སྐད་སྒྲ་རིགས་ཕྱིར་མངོན་གསལ་བྱེད་དུ་བཅུག་གི་མེད་པའི་མཇུག་འབྲས་ངན་པ་ཡོང་གི་ཡོད་པ་གསལ་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་དང་ཕྲུ་གུ་བུ་མོའི་ལུས་སེམས་གཉིས་ཀྱི་བདེ་འཇགས་དེ་བཞིན་གལ་ཆེར་ངོས་འཛིན་ཐོག བཙན་གཡེམ་དང་དྲག་སྤྱོད། […] The post བེུད་དང་ཕྲུ་གུ་བུ་མོར་བརྡ་འཕྲིན་ཐོག་ནས་འཚེ་བ་འགོག་ཐབས་ཀྱི་ཉིན་མོ་སྲུང་བརྩི། appeared first on vot.
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པར་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད། ཁ་ཉིན་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁྱབ་ཁོངས་མི་རིགས་ས་གནས་སུ་རྟེན་གཞི་བྱས་པའི་འབོ་དཀར་བཤད་གྲྭ་འོས་འབར་འཆི་མེད་གླིང་དུ་༸རྒྱལ་བའི་གོ་སྟོན་དང་། བཤད་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་དང་འབྲེལ། སྐབས་དེར་ཚོགས་མགོན་དུ་བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཚུར་རྒྱ་གར་ལ་ཆིབས་བསྒྱུར་གནང་འདོད་ཡོད་པའི་དགོངས་པ་ཡོད་པ་བཞིན་མི་རིང་བར་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག དེ་ཡང་སྐབས་དེར་༸སྐྱབས་རྗེ་བསྟན་དགའ་མཆོག་སྤྲུལ་རིན་པོ་ཆེ་དང་། ༸སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ། ༸སྐྱབས་རྗེ་འབོ་གངས་དཀར་རིན་པོ་ཆེ། ༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་རྣམ་པ། གདན་ས་ཆེན་པོ་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་། གདན་ས་ལ་བྷ་བཀའ་བརྒྱུད་ཐེག་ཆེན་གླིང་། གདན་ས་དཔལ་ཆེན་ཆོས་འཁོར་གླིང་། གདན་ས་བསོད་ནམས་དར་བསམ་གྲུབ་དར་རྒྱས་ཆོས་གླིང་སོགས་རྒྱ་བལ་འབྲུག་གསུམ་ཁུལ་གྱི་འབྲེལ་ཡོད་ཀཾ་ཚང་དགོན་སྡེ་ཁག་གི་སྐུ་ཚབ་བླ་སྤྲུལ་མཁན་སློབ་དབུ་ཆོས་ཕྱག་མཛོད་རྣམ་པ། ས་གནས་འབྲེལ་ཡོད་དཔོན་རིགས་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་དང་བཅས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བ་ནས་ལྷན་ཞུགས་གནང་འདུག བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་རྣམ་གཉིས་ནི་གང་ཉིད་ཀྱི་རྩ་བའི་བླ་མ་ཡིན་པ་བཀའ་སྩལ་དང་འབྲེལ། ༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཞིང་ལ་གཤེགས་པའི་རྗེས་སུ་དགུང་ལོ་བདུན་གྱི་ཐོག་ལ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་དང་། དེ་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་གནས་ཚུལ་མང་པོར་གཟིགས་ཏེ། རྒྱ་གར་ལ་ཕེབས་རྒྱུའི་དགོངས་པ་བཞེས་པ་ལྟར། གསང་སྟབས་ཀྱི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། ༸མགོན་པོ་གང་ཉིད་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་པོའི་སྐུ་མདུན་ནས་མདོ་སྔགས་དང་། གཞུང་ཆེན་ཁག དབང་ལུང་ཁྲིད་གསུམ་སོགས་ནང་པའི་ཆོས་ནང་ཡོངས་སུ་གྲགས་པ་ཐམས་ཅད་ཚུལ་བཞིན་གསན་བཞེས་གནང་བ་ཙམ་མ་ཟད། དེ་ལ་ཉམས་བཞེས་གནང་ནས་བོད་ཙམ་མ་ཡིན་པར། ཧི་མ་ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དུས་ཚོད་ཐུང་ཐུང་ནང་དར་འཕེལ་ཐུབ་པ་བྱུང་ཡོད་སྐོར་བཀའ་སྕལ་འདུག དེ་ལྟར་ནའང་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༧ ཙམ་ནས་ཕྱི་རྒྱལ་ལ་ཕེབས་ཏེ། ཚུར་རྒྱ་གར་ལ་ཆིབས་བསྒྱུར་གནང་མ་ཐུབ་པར་ལོ་བརྒྱད་ཙམ་ཕྱིན་ཡོད་པ་དང་། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་འདོད་ཡོད་པའི་དགོངས་པ་ཡོད་པ་བཞིན་མི་རིང་བར་༸རྒྱལ་དབང་མཆོག་མགྱོགས་ནས་མྱུར་དུ་གདན་ས་རུམ་བཏེག་ལ་ཆིབས་བསྒྱུར་གནང་ནས་བསྟན་འགྲོ་སྤྱིའི་འཕྲལ་ཕུགས་རྒྱང་གསུམ་གྱི་དོན་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གང་མགྱོགས་ཞལ་འཛོམས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་དུས་སྟོན་གཉིས་འཛོམས་དང་འབྲེལ་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པའི་སློབ་སྤྱི་བླ་མ་འཕྲིན་ལས་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ། གཞི་རྩའི་མཛད་སྒོའི་ཐོག་༸སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེ་དང་། ༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་རྣམས་གཉིས་ནས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། བསླབ་པ་མཐར་སོན་པའི་མཁན་པོ་བཅུ་གསུམ་དང་།  སྔགས་རམས་པ་བརྒྱད་ལ་ཕྱག་འཁྱེར་ཕུལ་ཏེ་མངའ་གསོལ་དང་མཉམ། ཕྱི་དྲོར་ཕྱི་ལུགས་མངར་ཟས་འདེགས་འབུལ་དང་རིག་གཞུང་ཁྲབ་སྟོན་སོགས་གནང་ཡོད་པ་རེད། The post ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག appeared first on vot.
CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ China’s War on Religion: The Threat to Religious Freedom and Why it Matters to the United States རྒྱ་ནག་གི་ཆོས་དད་ལ་དྲག་གནོན་ཁྲོད། ཆོས་དད་རང་དབང་ལ་ཉེན་ཁ་དང་དེས་ཨ་རིར་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་པའི་ཐོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཟུར་པ་ Sam BrownBack སེམ་བྷ་རོའོན་བྷེཀ་ལགས་དང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Jim McGovern ཇིམ་མེཀ་གྷོ་ཝན་ལགས་རྣམ་གཉིས་ཀྱིས། མཁྲེགས་འཛིན་ཅན་གྱི་རྒྱ་ནག་སྲིད་གཞུང་གིས་བོད་དོན་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་ཐབས་བྱུས་ལ་ངོས་ལེན་མ་བྱས་ཚེ། ཨ་རིའི་ངོས་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་དགོས་ཀྱི་ཡོད་པ་བརྗོད་འདུག དེ་ཡང་ཁ་སང་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག་སྔ་དྲོ་ཕྱག་ཚོད་ ༩།༣༠ ནས་ ༡༡།༣༠ བར་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་ Dan Sullivan དེན་སུ་ལི་ཝན་ལགས་ཀྱིས་གཙོ་སྐྱོང་དང་།  གྲོས་ཚོགས་འོག་མའི་འཐུས་མི་ Jim McGovern ཇིམ་མེཀ་གྷོ་ཝན་ལགས་གཙོས་པའི་ཚོགས་ཆུང་གི་འཐུས་མི་རྣམས་དབུ་བཞུགས་ཐོག་རྒྱ་ནག་ནང་གི་ཆེས་ཞན་པའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ཉན་ཞིབ་ཀྱི་ལས་རིམ་ཚོགས་འདུག་པ་དང་། ཉན་ཞིབ་ལས་རིམ་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཟུར་པ་ Sam BrownBack སེམ་བྷ་རོའོན་བྷེཀ་ལགས་དང་། བོད་མིའི་ཕྱོགས་ནས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས། དེ་བཞིན་ chinaaid ཞེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐད་ཕྱག་ལས་གནང་མཁན་ཚོགས་པའི་ཚོགས་གཙོ་ Bob Fu བྷོབ་ཧྥུ་ལགས། དེ་བཞིན་རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་ […] The post དབུ་མའི་ལམ་གྱི་ཐབས་བྱུས་ལ་ངོས་ལེན་མ་བྱས་ཚེ་བོད་དེ་རང་བཙན་རྒྱལ་ཁབ་ཞིག་ལ་ངོས་འཛིན་དགོས་ཞེས་བརྗོད་འདུག appeared first on vot.
ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༡ ཉིན་ཁོང་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་བ་དང་འབྲེལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་རྩ་དོན་དང་། ཆིག་སྒྲིལ། དཔལ་འབྱོར་སྲ་བརྟན་ཐོག་ཉམས་ཉེས་ཆེན་པོ་འགྲོ་བཞིན་པར་གཟིགས་ཏེ། བོད་དོན་ཁྱབ་སྤེལ་དང་མཐུན་སྒྲིལ་དམ་སྲུང་། སྒྲིག་འཛུགས་དང་དཔལ་འབྱོར་སྲ་བརྟན་བཅས་རྩ་བའི་དམ་བཅའ་གསུམ་གྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་གསུངས་སོང་། དེ་ཡང་གསར་འགོད་གསལ་བསྒྲགས་སྐབས། ཁོང་ད་རེས་སྲིད་སྐྱོང་གིས་འོས་མིར་བཞེངས་དགོས་པའི་རྒྱུ་མཚན་ནི། མང་གཙོའི་ལམ་ལུགས་ནང་དུས་ཐོག་འོས་བསྡུ་ཚོགས་དགོས་གལ་དང་། འོས་མི་ཚད་དང་ལྡན་པ་ཞིག་དང་མི་མང་ལ་འདམ་ཁ་དགོས་པ། དེ་བཞིན་མི་མང་གིས་འོས་བསྡུའི་ནང་ཆ་ཤས་བླངས་དགོས་གལ་བཅས་ཆ་རྐྱེན་གསུམ་ངེས་པར་དུ་ཚང་དགོས་ཤིང་། གལ་ཏེ་ད་རེས་འོས་བསྡུའི་ལས་རིམ་འདིའི་ནང་འོས་མི་ཚད་ལྡན་བཞེངས་མཁན་མེད་ཚེ། བཙན་བྱོལ་གྱི་མང་གཙོའི་སྒྲོམ་གཞི་སླ་པོ་ཆགས་རྒྱུ་དང་། ཕྱིའི་འཛམ་གླིང་ལ་ངོམས་སུ་ཆོག་པ་དེར་ངོ་ཚ་པོ་ཆགས་རྒྱུའི་ཉེན་ཁ་ཞིག་ཡོད་སྟབས། འཆར་གཞི་དང་འདོད་པ་མེད་ཀྱང་། བསྐྱར་དུ་བསམ་བློ་བཏང་སྟེ། ད་རེས་རང་ཉིད་ཀྱི་འོས་འགན་དུ་བསམ་ནས་ཡར་བཞེངས་པ་ཞིག་ཡིན་པ་མངོན་གསལ་གནང་སོང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་རྩ་དོན་དང་། ཆིག་སྒྲིལ། དཔལ་འབྱོར་སྲ་བརྟན་ཐོག་ཉམས་ཉེས་ཆེན་པོ་འགྲོ་བཞིན་འདུག་ཅེས་གསུངས་བ་དང་འབྲེལ། རྩ་བའི་དམ་བཅའ་དང་པོ་བོད་དོན་ཁྱབ་སྤེལ་དང་འབྲེལ་ནས་སྲིད་སྐྱོང་དུ་འཁོད་ཚེ་རང་གིས་སྣེ་ཁྲིད་པའི་སྒྲིག་འཛུགས་ཀྱིས་ནུས་ཤུགས་གང་ཐུབ་བོད་དོན་ཞུ་གཏུག་དང་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཕྱོགས་སུ་གཙོ་འདོན་ཐུབ་པ་བྱ་རྒྱུ་དང་། འཆར་གཞི་དེ་འགྲུབ་ཐབས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ལ་མི་རྒྱུ་གཉིས་ཐད་ནས་སྔར་ལྷག་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། གནད་དོན་དེའི་ཐོག་ད་ལྟའི་ཆར་ལོ་འཁོར་དངུལ་རྩིས་ཀྱི་བརྒྱ་ཆ་ ༢༠ ལས་ཉུང་བ་མ་གཏོགས་གཏོང་མེད་ཅེས་གསུངས་བ་དང་། ལྷག་པར་ Look North Policy འམ་བྱང་དུ་ལྟ་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ་འཕགས་བོད་ས་མཚམས་དང་། བལ་བོད་ས་མཚམས་སུ་རང་ཕྱོགས་ཀྱི་སྟོབས་ཤུགས་ཁྱབ་སྤེལ་གཏོང་རྒྱུ་དང་། ཧི་མ་ལ་ཡའི་མངའ་ཁུལ་དང་འབྲེལ་ལམ་དམ་དུ་གཏོང་རྒྱུ། ཨེ་ཤི་ཡའི་ལྷོ་ཁུལ་དང་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་གྱི་ཕྱོགས་སྒྲིལ་སྔར་ལྷག་འཛུགས་སྐྱོང་ཐུབ་པ་བྱ་རྒྱུ་ཡིན་པ་གསུངས་སོང་། གཉིས་པ་མཐུན་སྒྲིལ་དམ་སྲུང་དང་འབྲེལ་ནས་རིམ་པས་ཡིག་ངག་གཉིས་ཐད་ནས་ཞུ་རྒྱུ་ཡིན་ཞིང་། ད་ལྟའི་ཆར་ཆིག་སྒྲིལ་དང་ལྷག་བསམ། སྤྱི་སེམས་ཐད་ཉམས་ཆགས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་ཉིད་བོད་པ་ཡིན་སྙམ་པའི་འདུ་ཤེས་ཞན་དུ་ཕྱིན་ནས་སོ་སོའི་ལུང་ཚན་དང་གཞིས་ཆགས་སོགས་ཀྱི་ཐོག་ལ་དུས་ཚོད་དང་དོ་སྣང་མང་དུ་ཕྱིན་གྱི་ཡོད་སྟབས། ང་ཚོ་ཚང་མ་བོད་གངས་ཅན་པ་དང་རྩམ་ཟན་གཅིག་པ་ཡིན་པའི་ཆ་ནས་ཆིག་སྒྲིལ་དགོས་ངེས་ཡིན་སྐོར་གསུངས་བ་དང་འབྲེལ། གལ་ཏེ་ཆིག་སྒྲིལ་མེད་ཚེ། ༸རྒྱལ་བའི་སྐུ་ཚེ་དང་༸རྒྱལ་བའི་ཡང་སྲིད། རྩ་དོན། སྒྲིག་འཛུགས་རྒྱུན་གནས་བཅས་ལ་དོ་ཕོག་འགྲོ་གཞི་ཞིག་ཆགས་ཀྱི་ཡོད་གསུངས་སོང་། ལྷག་པར་ཁོང་རང་ཉིད་ཀྱི་དེ་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་རྒྱར་བསྐྱེད་བཏང་སྟེ། […] The post བོད་དོན་ཁྱབ་སྤེལ་དང་མཐུན་སྒྲིལ་དམ་སྲུང་། སྒྲིག་འཛུགས་དང་དཔལ་འབྱོར་སྲ་བརྟན་བཅས་རྩ་བའི་དམ་བཅའ་གསུམ་གྱི་ཐོག་ནས་ ༢༠༢༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་གསུངས་སོང་། appeared first on vot.
དྷེ་ར་རྡུན་གནས་བཞུགས་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་ ༧ པ་དེ་བཞིན་དེ་རིང་མཇུག་བསྒྲིལ་དང་སྦྲགས། བཞུགས་སྒར་རྡ་རམ་ས་ལའི་མང་ཚོགས་ནས་ཁོང་གི་སྙིང་སྟོབས་ལ་ཆེ་བསྟོད་དང་ཐུགས་རྗེ་ལེགས་འབུལ་ཞུས་སོང་། དེའང་ཐེངས་འདིའི་བོད་དོན་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་དང་བསྟུན། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེ་ར་ནས་འགོ་འཛུགས་ཀྱིས་ལམ་བར་ Typhoid ནད་གཞི་ཕོག་སྟེ་གནས་སྐབས་བར་ཆད་འཕྲད་ཀྱང་། སེམས་ཤུགས་ཞུམ་པ་མེད་པར་མུ་མཐུད་གནང་སྟེ། དེ་རིང་བཞུགས་སྒར་རྡ་རམ་ས་ལར་མཇུག་བསྒྲིལ་གནང་ཡོད། ཁོང་གིས་ལས་འགུལ་འདི་ཁྲོད་རྒྱ་གར་གྱི་རྒྱལ་ས་ཆེ་གྲས་ཁག་ལ་སྐོར་བསྐྱོད་དང་སྦྲགས། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་སླད་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་པར་བཀའ་དྲིན་ཆེ་ཞུ་དང་། ༸སྐུའི་གོ་སྟོན་སྲུང་བརྩིར་དམིགས་ཏེ་མཆོད་མཇལ་དང་སྐུ་ཚེ་ཡུན་རིང་བརྟན་ཆེད་སྨོན་ལམ་གསོལ་འདེབས། གནས་ཡུལ་རྒྱ་གར་མི་མང་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་ཧིན་བོད་གཉིས་ཀྱི་འབྲེལ་བ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་རྟོགས་གོང་སྤེལ། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ད་བར་མཐུན་འགྱུར་རོགས་རམ་ཚད་མཐོར་གནང་བར་བཀའ་དྲིན་མཚོན་ཆེད་བཅས་ལ་དམིགས་པ་ཞིག་ཡིན་འདུག དེ་རིང་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་མང་ཚོགས་ནས་འཇམ་དབྱངས་བསྟན་འཛིན་ལགས་སུ་དཀར་གཙང་མཇལ་དར་འབུལ་བ་དང་འབྲེལ་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པའི་ཁྲོད། གསར་འགོད་པས་ཁོང་ལ་བཀའ་འདྲི་ཁག་གཅིག་ཞུས་སྐབས། ཁོང་གིས་བོད་མི་གཞོན་སྐྱེས་དང་། རབ་བྱུང་ན་བོད་མི་ཡོན་ཏན་ཅན་རྣམས་ལ་བོད་དོན་ཆེད་ལས་འགུལ་མུ་མཐུད་སྤེལ་དགོས་ཤིང་། སེམས་ཤུགས་དང་འདུན་པ་ཡོད་ན་ལས་དོན་གང་ཞིག་ཡིན་ཡང་སྒྲུབ་ཐུབ་ངེས་ཡིན་པ་གསུང་སོང་། རྩ་བའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་སླད་རྐང་སྐོར་བསྐྱོད་ཐེངས་དང་པོ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་དང་། དེ་རྗེས་དྷེ་ར་རྡུན་བདེ་སྐྱིད་གླིང་ནས་རྒྱ་གར་རྒྱལ་ལྡི་ལི་བར། ལ་དྭགས་མཁར་གདོང་ལ་ནས་རྡ་རམ་ས་ལའི་བར། དེ་བཞིན་ཨ་རུ་ན་ཅལ་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བཅས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་རིམ་པ་སྤེལ་མྱོང་ཡོད་པ་རེད། The post བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ། appeared first on vot.
ཁ་སང་ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་ Assam ཨ་སྶཱམ་མངའ་སྡེའི་ Guwahati གོ་ཧ་ཊི་གྲོང་ཁྱེར་ནང་དུ་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག་ Tawang Tirth Yatra འམ་རྟ་དབང་གནས་སྐོར་ཞེས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཐེངས་ ༡༤ པ་དབུ་འཛུགས་གནང་འདུག་པ་དང་། ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་འདུག རྩ་བའི་ Bharat Tibet Sahyog Manch འམ་འཕགས་བོད་འབྲེལ་མཐུད་ཚོགས་པས་ཕྱི་ལོ་ ༢༠༡༢ ནས་འགོ་འཛུགས་ཀྱི་ལོ་ལྟར་རྟ་དབང་གནས་སྐོར་གྱི་ལས་འགུལ་འདི་ཉིད་གོ་སྒྲིག་གནང་གི་ཡོད་པ་དང་། དེའི་ནང་རྒྱ་གར་གྱི་ས་གནས་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མཉམ་ཞུགས་གནང་བའི་ཐོག བོད་མིར་གདུང་སེམས་མཉམ་བསྐྱེད་དང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་གྱི་ཡོད་པ་རེད། ཁ་སང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་སྶཱམ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་ Dr. Numol Momin ནུ་མོལ་མོ་ནིན་ལགས་དང་།  མངའ་སྡེ་དེ་ཉིད་ཀྱི་རྩེད་རིགས་དང་ན་གཞོན་བདེ་དོན་བློན་ཆེན་ Nandita Gorlosa ནཱན་དི་ཏཱ་གྷོར་ལོ་སཱ་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ Bidya Sing Engleng བིདྱ་སིང་ཨེང་ལེང་ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས། RSS འམ་རྒྱ་གར་རྒྱལ་ཡོངས་དྭང་བླངས་ཞབས་ཞུ་ཚོགས་པའི་ལས་བྱེད་ Shri Rupesh Kumar,RSS རུ་པེཤ་ཀུ་མཱར་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་ Pankaj Goyal པཱང་ཀཇ་གོ་ཡཱལ་ལགས། ཨ་སྶཱམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ Kailash Sarma ཀེེ་ལཱཤ་ཤཱར་མ་ལགས། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས། […] The post སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཞེས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཐེངས་ ༡༤ པ་དབུ་འཛུགས། appeared first on vot.
སིངྒ་པུར་ནང་དུ་རྟེན་གཞི་བྱས་པའི་མ་ཧཱ་ཏཱ་རེ་ཆོས་ཚོགས་ཀྱི་གོ་སྒྲིག་འོག ཁ་ཉིན་ཚེས་ ༡༨ ཉིན་ཡུལ་དེའི་ Jubilee Garden, SAFRA Toa Payoh ཚོགས་ཁང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་ ༤༠ ལ་ཕེབས་པའི་སྐུ་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཤིག་ཚོགས་ཡོད་པ་དང་། དེ་ནི་སིངྒ་པུར་ནང་དུ་རིན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩིས་ཞུས་པ་ཆེས་ཐོག་མ་དེ་ཡིན་འདུག དེ་ཡང་ཚེས་ ༡༨ ཉིན་ Singapore ནང་གི་མ་ཧཱ་ཏཱ་རེ་ཆོས་ཚོགས་ཀྱི་གསེར་བྱས་དགེ་བཤེས་དཀོན་མཆོག་རྒྱལ་མཚན་ལགས་ཀྱི་གོ་སྒྲིག་འོག་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གུང་གྲངས་ ༤༠ ཕེབས་པའི་འཁྲུངས་དཀར་སྲུང་བརྩི་ཞུས་ཡོད་ཅིང་། སྐབས་དེར་སིངྒ་པུར་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Diana Pang ཌཡི་ན་པཱང་ལགས་དང་ཡུལ་དེའི་སྲིད་བློན་ཟུར་པའི་ལྕམ་སྐུ་ Goh Chok Tong གོ་ཅོག་ཐོང་ལགས་རྣམ་གཉིས་ཀྱིས་དབུས་པའི་སིངྒ་པུར་ནང་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་ལྟེ་གནས་ཁང་ཁག་ ༥ ནས་དགེ་འདུན་པ་གྲངས་ ༣༠ ཙམ་དང་ཡུལ་དེའི་དད་ལྡན་པ་ ༥༠༠ ལྷག་ནས་མཉམ་ཞུགས་གནང་འདུག མ་ཟད་༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་པའི་གཞན་བླ་ཆེན་ཁག་དང་། ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Richard Gere རི་ཆཌ་གིར་ལགས་བཅས་ཀྱིས་དྲ་རྒྱའི་བརྙན་འཕྲིན་གྱི་ལམ་ནས་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་གནང་འདུག་པ་དང་། མཛད་སྒོའི་ཐོག་ཕེབས་པའི་དད་ལྡན་པ་རྣམས་ནས་བོད་དང་སོག་པོ། ཀོ་རི་ཡ་སོགས་གླུ་གཞས་གཟིགས་འབུལ་ཞུས་འདུག སྐབས་དེར་ཆེད་དུ་མགྲོན་འབོད་ཞུས་པའི་འབྲུག་པའི་གཞས་མ་ཕུན་འཛམ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཞབས་བརྟན་གསོལ་འདེབས་དེ་ཉིད་མཆོད་དབྱངས་ཀྱི་ལམ་ནས་གཟིགས་འབུལ་ཞུས་པ་སོགས་དད་ལྡན་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག སྤྱིར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སིངྒ་པུར་དུ་ཆིབས་བསྒྱུར་བསྐྱངས་པ་དང་ནབསྟུན་ནས། མ་ཧཱ་ཏཱ་རེ་ཆོས་ཚོགས་ཀྱི་གོ་སྒྲིག་འོག རིན་པོ་ཆེ་མཆོག་ནས་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་ ༣ རིང་དད་ལྡན་མང་ཚོགས་་༥༠༠ ཙམ་ལ་ལྷོ་མོ་ནོར་རྒྱུན་མ་དང་། རྣམ་སྲས། […] The post སིངྒ་པུར་ནང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དགུང་ལོ་ ༤༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི། appeared first on vot.
དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ང་ཚོས་༸གོང་ས་མཆོག་གི་ལམ་སྟོན་འོག་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་སོང་། The post དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ང་ཚོས་༸གོང་ས་མཆོག་གི་ལམ་སྟོན་འོག་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་སོང་། appeared first on vot.
ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཞུ་གཏུག་གྱིས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ། The post ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་ཞུ་གཏུགས་ཀྱིས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ། appeared first on vot.
བོད་པའི་གཞོན་སྐྱེས་བསྟན་འཛིན་ཆོས་ལྡན་ལགས་དྲག་རྩལ་འགྲན་བསྡུར་ཞིག་གི་ནང་མཉམ་ཞུགས་གནང་བ། The post བོད་པའི་གཞོན་སྐྱེས་བསྟན་འཛིན་ཆོས་ལྡན་ལགས་དྲག་རྩལ་འགྲན་བསྡུར་ཞིག་གི་ནང་མཉམ་ཞུགས། appeared first on vot.
COP ༣༠ ཚོགས་ཆེན་དབུ་འཛུགས་དང་བསྟུན་བོད་ཀྱི་ཁོར་ཡུག་ལ་ཐུགས་བསམ་བཞེས་དགོས་པའི་འབོད་སྐུལ་གནང་འདུག The post COP ༣༠ ཚོགས་ཆེན་དབུ་འཛུགས་དང་བསྟུན་བོད་ཀྱི་ཁོར་ཡུག་ལ་ཐུགས་བསམ་བཞེས་དགོས་པའི་འབོད་སྐུལ་གནང་འདུག appeared first on vot.
༸རྒྱལ་བའི་མཛད་པ་རྣམ་ཐར་གླེང་བ་ཞེས་པའི་བརྗོད་གཞི་ཐོག་ Staub Kaeser ལོ་འཁོར་བོད་རིག་པའི་ཚོགས་འདུ་སྐབས་གཉིས་པ་འཚོགས་གནང་བ། The post ༸རྒྱལ་བའི་མཛད་པ་རྣམ་ཐར་གླེང་བ་ཞེས་པའི་བརྗོད་གཞི་ཐོག་ Staub Kaeser ལོ་འཁོར་བོད་རིག་པའི་ཚོགས་འདུ་སྐབས་གཉིས་པ་འཚོགས་གནང་བ། appeared first on vot.
ཟླ་བ་འདིའི་ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་མེངྒ་ལོར་ནང་རྟེན་གཞི་བྱས་པའི་ Nitte Usha Institute of Nursing ཞེས་ནི་ཊི་ཨུ་ཤ་སྨན་ཞབས་པའི་སློབ་གཉེར་བསྟི་གནས་ཁང་དུ་བསླབ་པ་མཐར་སོན་གྱི་མཛད་སྒོ་སྐབས། སྨན་ཞབས་པའི་ཉེ་བའི་ཚན་རིག་གཙུག་ལག་རབ་འབྱམས་པ་ཐོན་མཁན་བོད་པའི་བུད་མེད་འགྱུར་མེད་ལྷ་མོ་ལགས་ལ་ཡིག་རྒྱུགས་རྩེ་ཕུད་སོན་པར་མཐོ་སློབ་ཀྱི་གསེར་གྱི་རྟགས་མ་ཐོབ་འདུག འགྱུར་མེད་ལྷ་མོ་ལགས་ནི་རྒྱ་གར་བྱང་ཕྱོགས་བྷིར་ཅོན་ཏ་ར་ནང་ཆེན་གཞིས་ཆགས་ནང་འཚར་ལོངས་བྱུང་ཞིང་། གཞི་རིམ་འོག་མ་དེར་ཅོན་ཊ་ར་ སཾ་བྷོ་ཊ་གཏན་སློབ་དང་གཞི་རིམ་གོང་མ་དེ་བཞིན་མོན་གྷོཌ་འདོད་རྒུ་གླིང་ནས་སློབ་མཐར་སོན། དེ་རྗེས་ལོ་བཞི་ཙམ་གྱི་རིང་སྨན་ཞབས་པའི་ཉེ་བའི་ཚན་རིག་གཙུག་ལག་རབ་འབྱམས་པ་གནང་ཡོད་པ་རེད་འདུག འདི་ག་གསར་འགོད་པས་གནད་དོན་དེ་འབྲེལ་གསེར་གྱི་རྟགས་མ་ཐོབ་མཁན་འགྱུར་མེད་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཐེངས་འདིའི་ཡིག་རྒྱུགས་ལེགས་གྲུབ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་བའི་ཚོར་བ་མངོན་གསལ་དང་འབྲེལ། ཁོ་མོ་དུས་རྒྱུན་ནས་ཉིན་གཅིག་ནང་དགེ་རྒན་གྱི་སློབ་ཁྲིད་ཟིན་རྗེས། རང་ངོས་ནས་བསླབ་ཟིན་པའི་སློབ་ཚན་རྣམས་བསྐྱར་སྦྱོང་གནང་གི་ཡོད་པ་དང་། འཛིན་གྲྭའི་ནང་དུའང་དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་དོ་སྣང་ལེགས་པོའི་ངང་གནང་གི་ཡོད་པ། མ་ཟད་དེ་སྔོན་གྱི་ཡིག་རྒྱུགས་དྲི་ཤོག་རྣམས་ལའང་དོ་ནན་པོས་བསྐྱར་སྦྱོང་བྱས་མཐར་ཡིག་རྒྱུག་གི་གྲུབ་འབྲས་ལེགས་པོ་བྱུང་བར་ཕན་ཐོགས་བྱུང་ཞེས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོ་མོས་ལོ་བཞི་ཙམ་དཀའ་ལས་བརྒྱབ་ནས་གྲུབ་འབྲས་བཟང་པོ་དེ་ལྟར་སོན་ཐུབ་ན། ང་ཚོ་བོད་པ་གཅིག་མཚུངས་ཡིན་པའི་ཆ་ནས་ཁྱེད་རང་ཚོས་ཀྱང་འབད་བརྩོན་དེ་ལྟར་བྱེད་ན་གྲུབ་འབྲས་བཟང་པོ་སྨིན་གྱི་རེད་ཅེས་དང་། སོ་སོ་རང་ངོས་ནས་ངས་བྱེད་ཐུབ་བསམ་པའི་བསམ་བློ་དེ་དགོས་གལ་ཆེན་པོ་རེད་ཅེས་གསུངས་སོང་། གཞི་རྩའི་བོད་མིིའི་སྒྲིག་འཛུགས་ཀྱི་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འགྱུར་མེད་ལྷ་མོ་ལགས་ནི་ཁོང་མོའི་སྨན་ཞབས་པའི་སློབ་གཉེར་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཡོན་གནང་བ་ཞིག་ཡིན་པ་མ་ཟད།  ཁོ་མོས་སློབ་སྦྱོང་གི་སྦྱངས་འབྲས་རྩེར་སོན་བྱུང་བ་འདི་བཞིན་གཙོ་བོ་དུས་ཚོད་སྟངས་འཛིན་དང་སློབ་གཉེར་རྒྱུན་མཐུད། དེ་བཞིན་ནང་མི་དང་དགེ་རྒན། སློབ་སྟོན་པ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀྱང་འཚམས་འདྲི་ཞུས་པ་དང་། མ་འོངས་པའི་བྱ་གཞག་ཐམས་ཅད་ལ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག The post མེངྒ་ལོར་མཐོ་སློབ་ནས་ཡིན་པའི་བོད་པའི་བུད་མེད་ཞིག་ལ་གསེར་གྱི་རྟགས་མ་ཐོབ་འདུག appeared first on vot.
ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་དབུ་འཛུགས། The post ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༦ པ་དབུ་འཛུགས། appeared first on vot.
འཆི་མེད་ལྷ་མོ་ལགས་འཛམ་གླིང་རང་དབང་ལྷན་ཚོགས་ཀྱི་མགྲིན་ཚབ་པར་འདེམས་ཐོན་བྱུང་འདུག The post འཆི་མེད་ལྷ་མོ་ལགས་འཛམ་གླིང་རང་དབང་ལྷན་ཚོགས་ཀྱི་མགྲིན་ཚབ་པར་འདེམས་ཐོན་བྱུང་འདུག appeared first on vot.
རྒྱ་གར་བོད་དོན་རྒྱབ་སྐྱོར་བས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། The post རྒྱ་གར་བོད་དོན་རྒྱབ་སྐྱོར་བས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། appeared first on vot.
Brussels སྐུ་ཚབ་དོན་གཅོད་ནས་ IPAC ལོ་འཁོར་ལྷན་ཚོགས་ཐོག་གཏམ་བཤད་གནང་བ། The post Brussels བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ IPAC ལོ་འཁོར་ལྷན་ཚོགས་ཐོག་གཏམ་བཤད་གནང་བ། appeared first on vot.
༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་མཛད་འཕྲིན་སྐྱོང་བཞིན་པ། The post ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་མཛད་འཕྲིན་སྐྱོང་བཞིན་པ། appeared first on vot.
སྐུ་སྲུང་ཟུར་པ་ཆོས་རྒྱལ་ལགས་ཉིན་གྲངས་བདུན་རིང་ཐུགས་དམ་ལ་བཞུགས་ཏེ་དེ་རིང་སྐུ་ཕུང་ཞུགས་འབུལ་གནང་འདུག The post སྐུ་སྲུང་ཟུར་པ་ཆོས་རྒྱལ་ལགས་ཉིན་གྲངས་བདུན་རིང་ཐུགས་དམ་ལ་བཞུགས་ཏེ་དེ་རིང་སྐུ་ཕུང་ཞུགས་འབུལ་གནང་འདུག appeared first on vot.
ཨིན་ཡུལ་གྲོས་ཚོགས་ནང་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ། The post ཨིན་ཡུལ་གྲོས་ཚོགས་ནང་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ། appeared first on vot.
loading
Comments