DiscoverVoice of Tibetབོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ།

Update: 2025-11-20
Share

Description

དྷེ་ར་རྡུན་གནས་བཞུགས་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཐེངས་ ༧ པ་དེ་བཞིན་དེ་རིང་མཇུག་བསྒྲིལ་དང་སྦྲགས། བཞུགས་སྒར་རྡ་རམ་ས་ལའི་མང་ཚོགས་ནས་ཁོང་གི་སྙིང་སྟོབས་ལ་ཆེ་བསྟོད་དང་ཐུགས་རྗེ་ལེགས་འབུལ་ཞུས་སོང་། དེའང་ཐེངས་འདིའི་བོད་དོན་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་དང་བསྟུན། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེ་ར་ནས་འགོ་འཛུགས་ཀྱིས་ལམ་བར་ Typhoid ནད་གཞི་ཕོག་སྟེ་གནས་སྐབས་བར་ཆད་འཕྲད་ཀྱང་། སེམས་ཤུགས་ཞུམ་པ་མེད་པར་མུ་མཐུད་གནང་སྟེ། དེ་རིང་བཞུགས་སྒར་རྡ་རམ་ས་ལར་མཇུག་བསྒྲིལ་གནང་ཡོད། ཁོང་གིས་ལས་འགུལ་འདི་ཁྲོད་རྒྱ་གར་གྱི་རྒྱལ་ས་ཆེ་གྲས་ཁག་ལ་སྐོར་བསྐྱོད་དང་སྦྲགས། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་སླད་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་པར་བཀའ་དྲིན་ཆེ་ཞུ་དང་། ༸སྐུའི་གོ་སྟོན་སྲུང་བརྩིར་དམིགས་ཏེ་མཆོད་མཇལ་དང་སྐུ་ཚེ་ཡུན་རིང་བརྟན་ཆེད་སྨོན་ལམ་གསོལ་འདེབས། གནས་ཡུལ་རྒྱ་གར་མི་མང་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་ཧིན་བོད་གཉིས་ཀྱི་འབྲེལ་བ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་རྟོགས་གོང་སྤེལ། དེ་བཞིན་རྒྱ་གར་གཞུང་དམངས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ད་བར་མཐུན་འགྱུར་རོགས་རམ་ཚད་མཐོར་གནང་བར་བཀའ་དྲིན་མཚོན་ཆེད་བཅས་ལ་དམིགས་པ་ཞིག་ཡིན་འདུག དེ་རིང་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་མང་ཚོགས་ནས་འཇམ་དབྱངས་བསྟན་འཛིན་ལགས་སུ་དཀར་གཙང་མཇལ་དར་འབུལ་བ་དང་འབྲེལ་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པའི་ཁྲོད། གསར་འགོད་པས་ཁོང་ལ་བཀའ་འདྲི་ཁག་གཅིག་ཞུས་སྐབས། ཁོང་གིས་བོད་མི་གཞོན་སྐྱེས་དང་། རབ་བྱུང་ན་བོད་མི་ཡོན་ཏན་ཅན་རྣམས་ལ་བོད་དོན་ཆེད་ལས་འགུལ་མུ་མཐུད་སྤེལ་དགོས་ཤིང་། སེམས་ཤུགས་དང་འདུན་པ་ཡོད་ན་ལས་དོན་གང་ཞིག་ཡིན་ཡང་སྒྲུབ་ཐུབ་ངེས་ཡིན་པ་གསུང་སོང་། རྩ་བའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་སླད་རྐང་སྐོར་བསྐྱོད་ཐེངས་དང་པོ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་དང་། དེ་རྗེས་དྷེ་ར་རྡུན་བདེ་སྐྱིད་གླིང་ནས་རྒྱ་གར་རྒྱལ་ལྡི་ལི་བར། ལ་དྭགས་མཁར་གདོང་ལ་ནས་རྡ་རམ་ས་ལའི་བར། དེ་བཞིན་ཨ་རུ་ན་ཅལ་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བཅས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་རིམ་པ་སྤེལ་མྱོང་ཡོད་པ་རེད།


The post བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ། appeared first on vot.

Comments 
In Channel
loading
00:00
00:00
x

0.5x

0.8x

1.0x

1.25x

1.5x

2.0x

3.0x

Sleep Timer

Off

End of Episode

5 Minutes

10 Minutes

15 Minutes

30 Minutes

45 Minutes

60 Minutes

120 Minutes

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ།

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་ཐེངས་ ༧ པ་མཇུག་སྒྲིལ།

Voice of Tibet