DiscoverVoice of Tibet༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག
༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག

༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག

Update: 2025-11-24
Share

Description

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པར་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད། ཁ་ཉིན་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁྱབ་ཁོངས་མི་རིགས་ས་གནས་སུ་རྟེན་གཞི་བྱས་པའི་འབོ་དཀར་བཤད་གྲྭ་འོས་འབར་འཆི་མེད་གླིང་དུ་༸རྒྱལ་བའི་གོ་སྟོན་དང་། བཤད་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་དང་འབྲེལ། སྐབས་དེར་ཚོགས་མགོན་དུ་བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཚུར་རྒྱ་གར་ལ་ཆིབས་བསྒྱུར་གནང་འདོད་ཡོད་པའི་དགོངས་པ་ཡོད་པ་བཞིན་མི་རིང་བར་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག དེ་ཡང་སྐབས་དེར་༸སྐྱབས་རྗེ་བསྟན་དགའ་མཆོག་སྤྲུལ་རིན་པོ་ཆེ་དང་། ༸སྐྱབས་རྗེ་འབོ་དཀར་མཆོག་སྤྲུལ་རིན་པོ་ཆེ། ༸སྐྱབས་རྗེ་འབོ་གངས་དཀར་རིན་པོ་ཆེ། ༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་རྣམ་པ། གདན་ས་ཆེན་པོ་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་། གདན་ས་དཔལ་སྤུངས་ཤེས་རབ་གླིང་། གདན་ས་ལ་བྷ་བཀའ་བརྒྱུད་ཐེག་ཆེན་གླིང་། གདན་ས་དཔལ་ཆེན་ཆོས་འཁོར་གླིང་། གདན་ས་བསོད་ནམས་དར་བསམ་གྲུབ་དར་རྒྱས་ཆོས་གླིང་སོགས་རྒྱ་བལ་འབྲུག་གསུམ་ཁུལ་གྱི་འབྲེལ་ཡོད་ཀཾ་ཚང་དགོན་སྡེ་ཁག་གི་སྐུ་ཚབ་བླ་སྤྲུལ་མཁན་སློབ་དབུ་ཆོས་ཕྱག་མཛོད་རྣམ་པ། ས་གནས་འབྲེལ་ཡོད་དཔོན་རིགས་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་དང་བཅས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་བརྒལ་བ་ནས་ལྷན་ཞུགས་གནང་འདུག བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་རྣམ་གཉིས་ནི་གང་ཉིད་ཀྱི་རྩ་བའི་བླ་མ་ཡིན་པ་བཀའ་སྩལ་དང་འབྲེལ། ༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཞིང་ལ་གཤེགས་པའི་རྗེས་སུ་དགུང་ལོ་བདུན་གྱི་ཐོག་ལ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་དང་། དེ་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་གནས་ཚུལ་མང་པོར་གཟིགས་ཏེ། རྒྱ་གར་ལ་ཕེབས་རྒྱུའི་དགོངས་པ་བཞེས་པ་ལྟར། གསང་སྟབས་ཀྱི་ཐོག་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། ༸མགོན་པོ་གང་ཉིད་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་མང་པོའི་སྐུ་མདུན་ནས་མདོ་སྔགས་དང་། གཞུང་ཆེན་ཁག དབང་ལུང་ཁྲིད་གསུམ་སོགས་ནང་པའི་ཆོས་ནང་ཡོངས་སུ་གྲགས་པ་ཐམས་ཅད་ཚུལ་བཞིན་གསན་བཞེས་གནང་བ་ཙམ་མ་ཟད། དེ་ལ་ཉམས་བཞེས་གནང་ནས་བོད་ཙམ་མ་ཡིན་པར། ཧི་མ་ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དུས་ཚོད་ཐུང་ཐུང་ནང་དར་འཕེལ་ཐུབ་པ་བྱུང་ཡོད་སྐོར་བཀའ་སྕལ་འདུག དེ་ལྟར་ནའང་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༧ ཙམ་ནས་ཕྱི་རྒྱལ་ལ་ཕེབས་ཏེ། ཚུར་རྒྱ་གར་ལ་ཆིབས་བསྒྱུར་གནང་མ་ཐུབ་པར་ལོ་བརྒྱད་ཙམ་ཕྱིན་ཡོད་པ་དང་། ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་འདོད་ཡོད་པའི་དགོངས་པ་ཡོད་པ་བཞིན་མི་རིང་བར་༸རྒྱལ་དབང་མཆོག་མགྱོགས་ནས་མྱུར་དུ་གདན་ས་རུམ་བཏེག་ལ་ཆིབས་བསྒྱུར་གནང་ནས་བསྟན་འགྲོ་སྤྱིའི་འཕྲལ་ཕུགས་རྒྱང་གསུམ་གྱི་དོན་བསྒྲུབ་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གང་མགྱོགས་ཞལ་འཛོམས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་དུས་སྟོན་གཉིས་འཛོམས་དང་འབྲེལ་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པའི་སློབ་སྤྱི་བླ་མ་འཕྲིན་ལས་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ། གཞི་རྩའི་མཛད་སྒོའི་ཐོག་༸སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེ་དང་། ༸སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་རྣམས་གཉིས་ནས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་མ་ཟད། བསླབ་པ་མཐར་སོན་པའི་མཁན་པོ་བཅུ་གསུམ་དང་།  སྔགས་རམས་པ་བརྒྱད་ལ་ཕྱག་འཁྱེར་ཕུལ་ཏེ་མངའ་གསོལ་དང་མཉམ། ཕྱི་དྲོར་ཕྱི་ལུགས་མངར་ཟས་འདེགས་འབུལ་དང་རིག་གཞུང་ཁྲབ་སྟོན་སོགས་གནང་ཡོད་པ་རེད།


The post ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག appeared first on vot.

Comments 
In Channel
loading
00:00
00:00
x

0.5x

0.8x

1.0x

1.25x

1.5x

2.0x

3.0x

Sleep Timer

Off

End of Episode

5 Minutes

10 Minutes

15 Minutes

30 Minutes

45 Minutes

60 Minutes

120 Minutes

༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག

༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་གནང་ནས་༸གོང་ས་མཆོག་དང་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་སྩལ་འདུག

Voice of Tibet