ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ལ་ ༢༠༢༥ ལོའི་སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་སོང་།
Description
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་ཟུང་སྦྲེལ་གྱིས་གོ་སྒྲིག་དང་། རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་མཐུན་འགྱུར་འོག་ ༢༠༢༥ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་ཉིད་ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ལ་ཕུལ་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་པའི་ཨ་མྱེས་རྨ་ཆེན་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་དགེ་ཕྲུག་ཚེ་རིང་རྡོ་རྗེ་ལགས། དེ་བཞིན་ཚོགས་བཅར་བ་བཅས་ལྷན་ཞུགས་གནང་སོང་། ད་རིང་གི་མཛད་སྒོ་གྲུབ་མཚམས་རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ད་རེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འདི་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཞིས་ཐག་གཅོད་གནང་བ་ཞིག་ཡིན་པ་དང་། དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་ཛ་དྲག་གི་གནད་དོན་དེ་རྒྱ་ཁྱབ་ཆེན་པོ་ཕྱིན་པའི་གནད་དོན་སོགས་ལ་གཞིགས་ཏེ་ཕུལ་བ་ཞིག་ཆགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་། མ་ཟད་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གནད་དོན་གསལ་པོ་ཡོང་སླད་མུ་མཐུད་ལས་འགུལ་སྤེལ་གལ་ཡིན་པ་དང་། བོད་མི་རྣམས་ནས་རིན་པོ་ཆེ་ཁོང་རྣམ་པའི་མཛད་རྗེས་རྣམས་ཡིད་ལ་དྲན་ཏེ་བོད་དོན་སླད་དུ་ཕྱག་ལས་གནང་དགོས་གལ་ཡིན་པ་དྲན་སྐུལ་གནང་སོང་། མ་ཟད་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནང་སྐུ་བཀྲོངས་ཡོད་པ་དང་། སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་མཆོག་རྒྱ་ནག་གི་ནུས་པའི་འོག་ཡོད་པའི་རྒྱལ་ཁབ་ ༼ཝེཊ་ནམ་༽ནང་དུ་སྐུ་བཀྲོངས་ཡོད་པར་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པར་སོགས་འགྲེལ་བརྗོད་དང་འབྲེལ། རིན་པོ་ཆེ་ཁོང་རྣམ་པས་རྒྱ་གཞུང་གི་ཆབ་སྲིད་ནག་པོའི་འོག་ཏུ་མ་ཚུད་པར་བོད་ཀྱི་ཆོས་དང་རིག་གཞུང་། ལ་རྒྱ། མི་རིགས་ཀྱི་ཁེ་ཕན་སླད་དུ་ཕྱག་ལས་གནང་གི་ཡོད་པའི་རྒྱུ་མཚན་གྱི་གནད་དོན་དེ་དག་བྱུང་ཡོད་པ་གསུངས་སོང་། གཞི་རྩའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་འདི་བཞིན་ཕྱི་ལོ་ ༢༠༡༦ ནས་འགོ་འཛུགས་ཞུས་ཡོད་པ་དང་། ལོ་དེའི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་སྐབས་བོད་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་གནང་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་ཡེ་ཤེས་ཆོས་སྒྲོན་ལགས་སུ་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་འཐབ་རྩོད་པ་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་སུ་ཕུལ་འདུག དེ་བཞིན་རྒྱའི་བཙོན་འཇུག་འོག་མྱངས་མྱོང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་སུ་ཕྱི་ལོ་ ༢༠༡༨ ལོའི་གཟེངས་རྟགས་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ལ་ཕུལ་ཡོད་པ་རེད། ཕྱི་ལོ་ ༢༠༢༠ དང་ ༢༠༢༡ བཅས་ལོ་གཉིས་རྟོགས་དབྱིབས་གཉན་རིམས་རྐྱེན་པས་གཟེངས་རྟགས་འབུལ་བཞེས་བྱུང་མེད་ཀྱང་། ཕྱི་ལོ་ ༢༠༢༢ […]
The post ཞིང་གཤེགས་དམ་པ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ལ་ ༢༠༢༥ ལོའི་སྙིང་སྟོབས་ཀྱི་གཟེངས་རྟགས་ཕུལ་སོང་། appeared first on vot.



