DiscoverVoice of Tibetརྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས།
རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས།

རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས།

Update: 2025-10-30
Share

Description

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཁྱིམ་སློབ་གྲྭ་རུ་རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དེ་དབུ་འཛུགས་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡།༣༠ སྟེང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྡ་སྟེང་བོད་ཁྱིམ་དུ་ཕྱི་ནང་གི་གློག་བརྙན་བཟོ་སྐྲུན་པ་དང་འཁྲབ་ཁྲིད་མི་སྣ་སོགས་མི་གྲངས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་གནང་བའི་ཐོག བོད་པའི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་ Ritu Sarin ལགས་རྣམ་གཉིས་ཀྱིས་གཙོ་གཉེར་གནང་བཞིན་པའི་འདི་ལོའི་རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དེ་དབུ་འཛུགས་གནང་སོང་བ་མ་ཟད། སྐབས་དེར་སྒོ་འབྱེད་གློག་བརྙན་ཐོག་མོན་ནས་ཡིན་པའི་བློ་བཟང་ཕུན་ཚོགས་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ Loving Karma ཞེས་པ་དེ་གཟིགས་འབུལ་ཞུས་གནང་སོང་། གློག་བརྙན་གཟིགས་འབུལ་གྲུབ་རྗེས་བློ་བཟང་ཕུན་ཚོགས་ལགས་སུ་གློག་བརྙན་ Loving Karma དང་འབྲེལ་བའི་རྒྱབ་ལྗོངས་དང་། དེ་རིང་གི་དུས་སྟོན་ཐོག་གློག་བརྙན་གཟིགས་འབུལ་ཞུས་རྒྱུ་བྱུང་བའི་ཚོར་བ་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས། རྩ་བའི་གློག་བརྙན་འདི་ནི་བྱམས་བརྩེ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་གློག་བརྙན་ཞིག་ཡིན་པ་མ་ཟད། འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་ནས་དེ་རིང་འདི་གཟིགས་འབུལ་ཞུས་ཐུབ་པ་ནི་ཧ་ཅང་གི་དགའ་འོས་པའི་གནས་སྟངས་ཤིག་ཏུ་འགྱུར་སོང་ཞེས་གསུངས་སོང་། མ་ཟད་དུས་སྟོན་འདི་ཐོག་མ་དབུ་འཛུགས་གནང་མཁན་དང་གོ་སྒྲིག་ཞུས་མཁན་བསྟན་འཛིན་བསོད་ནམས་ལགས་སུ། རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདིའི་གལ་གནད་དང་ད་ཐེངས་ཀྱི་དུས་སྟོན་ཐོག་སྔར་དང་མ་འདྲ་བ་ཇི་ཡོད་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས། རྩ་བའི་དེ་སྔ་རྡ་རམ་ས་ལར་གློག་བརྙན་དུས་སྟོན་ཐེངས་གཅིག་ཀྱང་འཚོག་མྱོང་མེད་པ་དང་། སྐབས་དེར་ཁོང་དང་ཁོང་གི་བཟའ་ཟླ་ Ritu Sarin ལགས་གཉིས་ཀྱིས། རྡ་རམ་ས་ལར་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་གནང་ཐུབ་ན་བསམ་པའི་ཚོར་བ་བྱུང་ཞེས་དང་། དེ་ནས་རིམ་པའི་དུས་སྟོན་འདི་དབུ་འཛུགས་གནང་བ་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་བ་མ་ཟད། ད་ཐེངས་ཀྱི་དུས་སྟོན་ཐོག་སྔར་དང་མ་འདྲ་བའི་གློག་བརྙན་བཟོ་སྐྲུན་པ་མང་དག་ཅིག་ཕེབས་ཡོད་ཅེས་གསུངས་སོང་། རྩ་བའི་ད་བར་རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༣ འཚོགས་ཟིན་པ་དང་། ད་ཐེངས་ཀྱི་རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ དེ་བཞིན་ཟླ་འདི་ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༢ བར་ཚོགས་གཏན་ཁེལ་ཡོད་པ་མ་ཟད། སྐབས་དེར་ཁྱོན་གློག་བརྙན་ ༨༨ ལྷག་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། གློག་བརྙན་དེ་དག་ལས་བོད་པའི་གློག་བརྙན་གསུམ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག


The post རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས། appeared first on vot.

Comments 
In Channel
loading
00:00
00:00
x

0.5x

0.8x

1.0x

1.25x

1.5x

2.0x

3.0x

Sleep Timer

Off

End of Episode

5 Minutes

10 Minutes

15 Minutes

30 Minutes

45 Minutes

60 Minutes

120 Minutes

རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས།

རྡ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་དབུ་འཛུགས།

Voice of Tibet